དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • “མི་སྟོང་ཚོས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ལས་དགུན་དུས་བོད་དུ་ཡུལ་སྐོར་གྱི་བྱེད་སྒོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་23ཉིན “མི་སྟོང་ཚོས་བོད་དུ་ཡུལ་སྐོར་བྱེད་པའི ”བྱེད་སྒོ་སྟེ་རང་ལྗོངས་ཀྱི་2011ལོའི་དགུན་དུས་བོད་དུ་ཡུལ་སྐོར་གྱི་བྱེད་སྒོ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། བྱེད་སྒོ་དེ་རང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཁང་གིས་དགུན་དུས་བོད་དུ་ཡུལ་སྐོར་གྱི་་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་དགོངས་དོན་ལ་དང་ལེན་ཧུར་ཐག་ཞུས་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་དགུན་དུས་བོད་དུ་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དགུན་དུས་ཀྱི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་ཤུགས་ཆེན་གཏོང་བ། བོད་ཀྱི་དགུན་དུས་ཀྱི་ཉི་འོད་བྱ་སྤྱོད་དྲིལ་བསྒྲགས་བཅས་བྱས་ནས་བོད་ཀྱི་ཡུལ་སྐོར་ཐད་དུས་ཚིགས་རང་བཞིན་གྱི་ཚོད་འཛིན་ཕོག་པའི་རྣམ་པ་མེད་པ་བཟོ་རྒྱུ་དེ་ཡིན་པ་རེད།

        ཉེ་བའི་ལོ་ཤས་ནང་རང་ལྗོངས་འདི་ཉིད་འཛམ་གླིང་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་བཏོད་དེ་རང་ལྗོངས་ཀྱི་ཡུལ་སྐོར་ཐད་ཀྱི་དུས་ཚིགས་བཞི་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རང་ལྗོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་ཡུལ་སྐོར་ཁེ་ལས་ཁག་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། འདི་ལོར་རང་ལྗོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ད་དུང་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་འདུ་ཚོགས་གོ་སྐབས་སུ་བྱས་ནས་ཁུན་མིང་དང་། ཧྲེན་ཀྲེན། ཀྲུའུ་ཧའེ། ཀོང་ཀྲོའུ་བཅས་སུ་བསྐྱོད་དེ “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན ”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས “འཛམ་གླིང་ཡང་རྩེ། ངོ་མཚར་ཆེ་བའི་བོད་ལྗོངས ”ཞེས་པའི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་བཏོད་དེ “རི་མཐོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས ”བཅས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་འཛམ་གླིང་སྐྱེ་བོར་ཕྱོགས་ཡོངས་ནས་བོད་ཀྱི་ཡུལ་སྐོར་གྱི་གཟུགས་བཪྙན་བཟང་པོ་མངོན་པར་བྱེད་པ་དང་། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་པ་བྱས་ཐོག་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྔར་བས་མང་བ་ཞིག་དགུན་དུས་བོད་དུ་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།