དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • རང་རྒྱལ་གྱིས་བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཡུལ་སྐོར་ཅུས་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དབར་བཞག་པའི་གྲོས་དོན་གཞིར་བཟུང་རང་རྒྱལ་གྱིས་བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་བསྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

        གསར་འགོད་པར་ཚེས་20ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། 《ཐུན་མོང་ཐོག་བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་བསྐྲུན་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་ལས་གྲོས་དོན 》གཞིར་བཟུང་རྒྱབ་ཁབ་ཡུལ་སྐོར་ཅུས་ཀྱིས་བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་བསྐྲུན་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ཁྱད་ལྡན་ཡུལ་སྐོར་ལས་རིགས་སྟོབས་ཆེར་གཏོང་བ་དང་ལེགས་པོ་གཉེར་ནས་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་བྱ་ཡུལ་གྱི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ། བོད་རང་སྐྱོང་ལྗོངས་ལ་ཡུལ་སྐོར་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི་ཡུལ་སྐོར་བྱ་ཡུལ་གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་དང་ལྷ་ས་ནས་ཞིང་ཆེན་ཁག་གི་ལྟེ་གནས་གྲོང་ཁྱེར་དང་དེ་བཞིན་མངའ་ཁོངས་ཕྱིའི་འགྲུལ་པའི་ཡོང་ཁུངས་གཙོ་བོའི་བར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི་ཡུལ་སྐོར་གཟུགས་བཪྙན་གྱི་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

        གྲོས་དོན་གཞིར་བཟུང་རྒྱལ་ཁབ་ཡུལ་སྐོར་ཅུས་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དབར་ཐུན་མོང་ཐོག “ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་གྲོས་མོལ་ཨུ་ཡོན་ལྷན་ཁང ”འཛུགས་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་མི་དམས་སྲིད་གཞུང་གིས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་བསྐྲུན་རྒྱུ་དང་ཁྱད་ལྡན་ཡུལ་སྐོར་ལས་རིགས་སྟོབས་ཆེར་གཏོང་བ་དང་ལེགས་པོ་གཉེར་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་ཁྲིད་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་མགྱོགས་སུ་གཏོང་བ། ཡུལ་སྐོར་ལས་རིགས་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།