དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ཇི་ལྟར་བྱས་ཏེ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གཏོད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་དང་ཡུལ་སྐོར་སྡེ་ཚན་གྱིས “ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་རྩེར་སོན་གཏོད་རྒྱུའི ”ཐད་འབད་བརྩོན་བྱས་ཏེ་ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང “རྒྱལ་ནང་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་། རྒྱལ་སྤྱིའི་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། རྒྱལ་མཚམས་ནས་ཐོན་པའི་ཡུལ་སྐོར་འཕེལ་རྒྱས་འོས་འཚམ་གཏོང་རྒྱུ ”བཅས་ཀྱི་དྲིལ་བསྒྲགས་ཚོང་སྐུལ་བྱེད་ཕྱོགས་གཞིར་བཟུང་བྱེད་ཐབས་གསར་གཏོད་དང་ཁྱབ་ཁོངས་ཆེར་གཏོང་གིས་བོད་ཀྱི་ཡུལ་སྐོར་གྱི་ཤུགས་རྐྱེན་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གཏོད་རྒྱུར་ཤུགས་བརྒྱབ་ཅིང་། འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་དག་ཅིག་གིས་གཙུག་ལག་ཁང་དུ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།

        སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དེས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཤིང་། ལོ་30ཡི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ནས་བོད་ཀྱི་དཔལ་འབྱོར་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། བསྡོམས་རྩིས་ལྟར་ན། 2011ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་621ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་22.1%འཕར་ཡོད་པ་དང་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་ཁྲི་634103བཏོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་42.7%འཕར་ཡོད་པ་རེད།

        ཡུལ་སྐོར་ཐོན་ཁུངས་ཀྱི་ནོར་མཛོད་ལྟ་བུ་ཞིག་ཡིན་པའི་བོད་ཀྱིས་དྭངས་ཤིང་གཙང་བའི་རི་ཀླུང་ཆུ་གསུམ་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཇི་ལྟར་བྱས་ཏེ་འཛམ་གླིང་ཐོག་གི་སྐྱེ་བོ་དེ་བས་མང་པོ་ཞིག་གིས་བོད་ཀྱི་ཉམས་འགྱུར་ཉམས་སུ་མྱོང་ཐུབ་པ་དང་བོད་ཀྱི་ནོར་མཛོད་དེས་འཛམ་གླིང་ལ་གཡོ་འགུལ་གཏོང་ཐུབ་པ་བྱེད་དགོས་སམ། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུའི་ཐད་བོད་ལ་གྲ་སྒྲིག་གང་ཞིག་ཡོད་དམ། བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཇི་ལྟར་བྱས་ཏེ “རི་བོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས་བཅས་འབུར་དུ་ཐོན་པ་བྱ་རྒྱུ ”བརྗོད་བྱ་གཙོ་བོར་བྱས་ནས་ལྟེ་བའི་བརྗོད་བྱའི་འོག་རྩེར་སོན་དང་། རྩ་ཆེ། ཁྱད་ལྡན་བཅས་ཀྱི་ཡུལ་སྐོར་འགྲོ་ལམ་གཏོད་པའི་ལས་དོན་སྤེལ་རྒྱུ་ཡིན་ནམ། ཇི་ལྟར་བྱས་ཏེ་མིག་སྔའི་ཡུལ་སྐོར་ལས་རིགས་ལ་ཚོད་འཛིན་བྱེད་པའི་རིམ་པ་དེ་བས་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ནམ། དེའི་ཐད་ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་སུང་ཕིང་ལ་བཅར་འདྲི་ཞུས་པ་ཡིན།

        སྲིད་ཇུས་སྔོན་སྤེལ་བྱས་ནས་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་རྒྱུ།

        ཝང་སུང་ཕིང་གིས་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དེས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་ཆེན་པོ་བྱས་ཡོད་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་དེ་ཐོག་ནས་ཡུལ་སྐོར་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡིད་ཆེས་ཀྱི་བསམ་པ་དང་ཆོད་སེམས་སླར་ཡང་མཚོན་ལ་མིག་སྔར་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཀྱང་འཕྲད་པ་མཚོན་པའི་ངོས་འཛིན་གནང་གི་ཡོད་པ་རེད།

        ཡུལ་སྐོར་ཐོན་ལས་སྔོག་འདོན་གཏིང་ཟབ་བྱ་རྒྱུ་དེ་སྲིད་ཇུས་ཀྱི་རོགས་སྐྱོར་དང་བྲལ་ཐབས་མེད་ཅིང་། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱུང་རིམ་ལ་གཞིགས་ན། ཏང་ཀྲུང་དབྱང་གིས་དམིགས་བསལ་གྱི་སྲིད་ཇུས་བཏོན་ནས་བོད་ལ་རོགས་སྐྱོར་བྱས་མེད་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་མེད་ན་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་དེང་དུས་ཀྱི་འཕེལ་རྒྱས་འདི་ལྟ་བུ་ཡོང་མི་སྲིད་པ་ང་ཚོས་གསལ་པོར་རྟོགས་ཐུབ།

        ཝང་སུང་ཕིང་གིས་སྲིད་ཇུས་ནི་གོ་སྐབས་ཆེ་ཤོས་དང་། ཐོན་ཁུངས་གལ་ཆེན། སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན། མི་མངོན་པའི་ཐོན་སྐྱེད་ནུས་ཤུགས་བཅས་རེད། སྲིད་ཇུས་བེད་སྤྱོད་ཡག་པོ་བྱུང་ན་བོད་ཀྱི་ཡུལ་སྐོར་ལས་རིགས་དེ་བབ་བསྟུན་མདུན་སྐྱོད་ཐུབ་པ་དང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཐུབ་པ་དང་། སྲིད་ཇུས་བེད་སྤྱོད་ཡག་པོ་མ་བྱུང་ན་བོད་ཀྱི་ཡུལ་སྐོར་ལས་རིགས་དེས་འཕེལ་རྒྱས་ཀྱི་གོ་སྐབས་ཤོར་ནས་གོམ་པ་གང་ཡང་མདུན་དུ་སྤོ་དཀའ་བར་འགྱུར་རྒྱུ་རེད། དེར་བརྟེན་བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་གོ་སྐབས་དམ་པོར་བཟུང་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཧུར་བརྩོན་ཆེན་པོས་གཏོད་འཛུགས་བྱེད་དགོས་ཞེས་གསུངས་པ་རེད།

        བཀག་རྒྱ་གཏོར་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ།

        2011ལོའི་ཟླ་བ་བརྒྱད་པའི་ཟླ་དཀྱིལ་དུ་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རང་ལྗོངས་ལ་ཡུལ་སྐོར་དུ་ཡོང་མཁན་མང་ཤོས་ཀྱི་དུས་སུ་འཕྲད་པའི་གནད་དོན་འགའ་ཞིག་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཤིང་། ཚོགས་འདུའི་ཐོག་མིག་སྔར་བོད་ནས་ཐོན་པ་དང་བོད་དུ་འོང་བའི་ཐད་འགྲིམ་འགྲུལ་གྱི “བཀག་རྒྱ ”མངོན་གསལ་དོད་པོ་ཡོད། རང་ལྗོངས་སུ་ལངས་གཟུགས་འགྲིམ་འགྲུལ་གྱི་མ་ལག་ཅིག་ཆགས་མོད། འོན་ཏེ་ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་སུ་གནམ་གྲུ་ཡིན་ནའང་འདྲ། མེ་འཁོར་ཡིན་ནའང་འདྲ། ཡང་ན་འགྲུལ་སྐྱེལ་རླངས་འཁོར་ཡིན་ནའང་འདྲ་གང་ལྟར་དེ་དག་ཚང་མས་བོད་དུ་འོང་མཁན་དང་བོད་ནས་ཐོན་མཁན་འགྲུལ་པའི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད། དེས་མ་ཚད་ད་དུང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྣེ་ལེན་ཞུ་བའི་ནུས་པའང་དེ་ཙམ་ཆེན་པོ་མེད་པའི་ཁར་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཤིན་ཏུ་དཀོན་པ་དེས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་གནད་དོན་གསར་པ་ཞིག་བཏོན་ཡོད་ཅེས་བསྟན་པ་རེད།

        ཇི་ལྟར་བྱས་ཏེ་རང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཚོད་འཛིན་འཁེལ་བའི་རྒྱུ་རྐྱེན་སྣ་ཚོགས་སེལ་དགོས་སམ། ཝང་སུང་ཕིང་གིས “རང་སྐྱོང་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ད་བར་དེའི་ཐད་ཀྱི་གནད་དོན་ཐབས་ཤེས་ཡོད་ཚད་བཏོན་ནས་ཐག་གཅོད་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར་ང་ཚོས་འགྲིམ་འགྲུལ་དང་། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་སོགས་སྡེ་ཚན་དང་མུ་མཐུད་མཐུན་འགྲིག་གིས་བོད་དུ་འོང་དཀའ་བ་དང་བོད་ནས་ཐོན་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་བོད་ཀྱི་ཡུལ་སྐོར་གྱི་འགྲིམ་འགྲུལ་བཀག་རྒྱ་གཏོར་རྒྱུ་དང་། ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་དང་བོད་ཀྱི་ཡུལ་སྐོར་ལས་རིགས་སྟོབས་ཆེར་བཏང་སྟེ་2015ལོའི་ལོ་མཇུག་ཏུ་སླེབས་སྐབས་ཡུལ་སྐོར་བ་མི་ཐེངས་ཁྲི་1500ལ་སྣེ་ལེན་ཐུབ་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་180ལོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ། ཐོན་ལས་ཀྱི་བྱང་ཚད་མཐོ་རུ་དང་བོད་ཀྱི་ཡུལ་སྐོར་ལས་རིགས་སྟོབས་ཆེར་བཏང་སྟེ་2015ལོར་སླེབས་སྐབས་རྐང་འཛིན་ཁེ་ལས་ཆེ་འབྲིང་རྒྱབ་རྟེན་དུ་བྱས་པའི ‘ཟ་ཁང་དང་། མགྲོན་ཁང་། འགྲིམ་འགྲུལ། ཡུལ་སྐོར། ཚོང་ཁང་། སྤྲོ་སྐྱིད ’སོགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བའི་ཡུལ་སྐོར་ཐོན་ལས་མ་ལག་དང་། ཚོང་གཉེར་ནུས་ལྡན་དང་། གྲུབ་ཆ་ལུགས་མཐུན། འཕེལ་རྒྱས་ཆེན་པོ་བཅས་ཀྱི་ཡུལ་སྐོར་ཁྲོམ་རའི་མ་ལག རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་གཉིས་དང་འབྲེལ་མཐུད་ཀྱིས་བོད་ཀྱི་དོན་དངོས་དང་མཐུན་པའི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་གྱི་མ་ལག་བཅས་ཆགས་པ་ཧུར་ཐག་བྱ་རྒྱུ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། བོད་ཀྱི་ཡུལ་སྐོར་ལས་རིགས་སྟོབས་ཆེར་གཏོང་རྒྱུ། ཐོན་ཟོག་རིམ་སྤོར་དང་སྒྱུར་བཀོད་མགྱོགས་པོ་བྱ་རྒྱུ་ཡིན་ཞིང་། ‘རི་བོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས ’བཅས་ཀྱི་བརྗོད་བྱ་གཙོ་བོ་གཞིར་བཟུང་རྩེར་སོན་ཡུལ་སྐོར་དང་རྩ་ཆེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ཁྱད་ལྡན་རིག་གནས་དང་རང་བྱུང་སྣོད་བཅུད་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱས་ནས་སྤུས་རྟགས་མ་ལག་ཅན་དང་། ནུས་པ་སྣ་མང་ཅན། ཁྲོམ་ར་རྩེར་སོན་ཅན་བཅས་ཀྱི་ཡུལ་སྐོར་བྱ་ཡུལ་གྱི་ཐོན་རྫས་མ་ལག་ཅིག་རིམ་བཞིན་ཆགས་པ་བྱ་རྒྱུ། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་དེས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་དེ་ནུབ་རྒྱུད་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱི་རིན་ཐང་འཕར་མ་དེས་ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་50%ཡན་བཟུང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན ”ཞེས་གསུངས་པ་རེད།

        དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་གྱི་གཟུགས་བཪྙན་བཟང་པོ་གཏོད་རྒྱུ།

        འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞེས་པ་དེ་གང་འདྲ་ཞིག་ཡིན་དགོས་སམ། ཆ་རྐྱེན་གང་ཞིག་འཛོམས་དགོས་སམ། བོད་ཀྱིས་ཕྱོགས་གང་ཞིག་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་ཡུལ་སྐོར་བྱེད་ཡུལ་གལ་ཆེན་གྱི་གཟུགས་བཪྙན་བཟང་པོ་གཏོད་དགོས་སམ།

        ཝང་སུང་ཕིང་གིས་ངོ་སྤྲོད་གནང་བར་གཞིགས་ན། “འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན ”ཟེར་བ་དེར་ཁྱད་ཆོས་འབུར་དུ་ཐོན་པ་དང་། གཟུགས་བཪྙན་མངོན་གསལ་དོད་པ། ཁོར་ཡུག་ལེགས་པ། འགྲིམ་འགྲུལ་སྟབས་བདེ་བ། སྒྲིག་བཀོད་འཐུས་སྒོ་ཚང་བ། དོ་དམ་ཚད་དང་ལྡན་པ། ཞབས་ཞུ་ཚད་ལྡན་ཅན། ཁྲོམ་ར་རྒྱལ་སྤྱི་ཅན། འཕེལ་རྒྱས་སྤྱི་ཚོགས་ཅན་བཅས་དགོས་པ་དང་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཤུགས་དམིགས་བསལ་ཞིག་ལྡན་དགོས་པ་མ་ཟད། ད་དུང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དགོས་མཁོ་སྐོང་བའི་ཆ་རྐྱེན་ཡང་འཛོམས་དགོས། མིག་སྔར་བོད་ཀྱིས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་མོད། འོན་ཏེ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་གྱི་གཟུགས་བཪྙན་བཟང་པོ་དངོས་འབྲེལ་གཏོད་དགོས་པ་མ་ཟད། ད་དུང་འཐུས་སྒོ་ཚང་དུ་གཏོང་རྒྱུའང་མང་པོ་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱིས་དམིགས་བསལ་གྱི་ས་ཁམས་ཆགས་ཚུལ་དང་དམིགས་བསལ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པའི་ཁར་བསམ་གཞི་གསར་རྐྱང་གི་ཐོག་ནས་འཕེལ་རྒྱས་ཡོང་ཐབས་བྱ་རྒྱུ་དང “རི་བོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས ”བཅས་ཀྱི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ་སྟེ། གནམ་སྔོན་པོ་དང་སྤྲིན་དཀར་པོ་བརྗོད་བྱ་གཙོ་བོར་བྱས་པའི “དག་པའི་ཞིང་ཁམས་སུ་ཡུལ་སྐོར་དུ་བསྐྱོད་པ ”དང་རླུང་བསིལ་ཟླ་གསལ་གྱི “ས་མཐོའི་ཟླ་བར་བལྟ་བར་བསྐྱོད་པ ”དང་། གངས་རི་དང་འཁྱག་རོམ་བརྗོད་བྱ་གཙོ་བོར་བྱས་པའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6000མན་གྱི “རི་བོ་འཛེག་པར་བསྐྱོད་པ ”དང་དྭངས་ཤིང་གཙང་བའི “གངས་རིས་བསྐོར་བའི་ཡུལ་ཁམས་སུ་བསྐྱོད་པ ”ཚང་ཚིང་ནགས་ཚལ་བརྗོད་བྱ་གཙོ་བོར་བྱས་པའི་ཆབ་མདོ་དང་ཉིང་ཁྲི་ས་ཁུལ་གྱི་རྩི་ཤིང་མཐོ་ཤོས་གནས་ཡུལ་གྱི་རྩེར་སོན་སྣོད་བཅུད་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་ས་མཐོའི་མིག་འཁྲུལ་བའི་རྩི་ཤིང་སྣ་ཚོགས་ལ་བལྟ་བར་བསྐྱོད་པ། ན་ཁ་དང་འབྲི་གཡག་བརྗོད་བྱ་གཙོ་བོར་བྱས་པའི་བོད་ནུབ་བྱང་གི “བདག་ཏུ་མ་བཟུང་བའི་ས་མཐོའི་སྲོག་ཆགས་ལྟ་སྐོར་གླིང ”གཏོད་རྒྱུ་དང “ས་མཐོའི་འབྲི་གཡག ”སོགས་སྤྱང་གྲུང་དོད་པའི་སྲོག་ཆགས་དང་ལྗང་ཐིང་ངེར་གནས་པའི་ན་ཁ་གཉིས་ལ་ལྟ་སྐོར་དུ་བསྐྱོད་རྒྱུ་ཟུང་དུ་སྦྲེལ་བའི་གདོད་མའི་སྣོད་བཅུད་སྤྱི་བྱིངས་ཡུལ་སྐོར་ཐོན་ཚད་སྔོག་འདོན་ཟབ་མོ་བྱ་རྒྱུ། བོད་ཀྱི་རིག་གནས་བརྗོད་བྱ་གཙོ་བོར་བྱས་པའི་དངོས་པོའི་རིག་གནས་ཤུལ་བཞག་དང་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་གནའ་ཤུལ་གནས་མཆོག་དང་དམངས་སྲོལ་གོམས་འདྲིས་མྱོང་བར་བསྐྱོད་པ་བཅས་ཀྱི་རྣམ་གྲངས་གཏོད་ རྒྱུར་ཤུགས་རྒྱག་པ་དང་བོད་ཀྱི་རིག་གནས་ཤུལ་བཞག་གི་རིག་གནས་ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱས་ནས་བོད་ཀྱི་ཡུལ་སྐོར་ཐོན་རྫས་དེ་སྔར་བས་ཕུན་སུམ་ཚོགས་པོ་དང་འཐུས་སྒོ་ཚང་པོ་ཞིག་ཡོང་བ་བྱ་རྒྱུ་དང་། སྔར་བས་ཐེ་ཞུགས་རང་བཞིན་དང་སྤྲོ་སྐྱིད་རང་བཞིན་ལྡན་པ་ཞིག་ཡོང་བ་བྱ་རྒྱུ། སྔར་བས་ཡིད་དབང་འཕྲོག་ཤུགས་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།