དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • བོད་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ནས་ཤེས་རྟོགས་བྱུང་གསལ། རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་རིང་བོད་ཀྱི་ས་ཁུལ་ཁག་གིས་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་43.17ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་26.5%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་ཡག་ཤོས་གཏོད་ཡོད། དེའི་ནང་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་18.05དང “ཉིན་གཅིག་ཡུལ་སྐོར ”བྱེད་མཁན་མི་ཐེངས་ཁྲི་25.12ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་21.2%དང་28.9%སོ་སོར་འཕར་བ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1.73ཟིན་པ་དེ་དུས་མཚུངས་ལས་31.6%འཕར་ཡོད།

        བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་རིང་ཡུལ་སྐོར་བས་སྔར་བཞིན་ཕོ་བྲང་པོ་ཏ་ལ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོ། རི་བོ་ཇོ་མོ་གླང་མ། གནམ་མཚོ། ཉིང་ཁྲིའི་གྲོག་རོང་ཆེན་པོ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དེ་དག་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་གཙོ་བོར་བརྩི་གི་ཡོད།

        རྒྱལ་སྟོན་གྱི་གུང་གསེང་རིང་པོའི་ནང་བོད་དུ་ད་དུང་བོད་རིགས་དད་ལྡན་མང་ཚོགས་གནས་མཇལ་བྱེད་མང་ཤོས་ཡིན་ཞིང་། སི་ཁྲོན་དང་། ཨ་མདོ། ཁམས་ཁུལ་དང་དེ་བཞིན་བོད་ཀྱི་ས་ཁུལ་ཁག་བཅས་ནས་ཡོང་བའི་དད་ལྡན་མང་ཚོགས་ཞོགས་པ་སྔ་པོ་ནས་དགོན་པ་ཁག་གི་མདུན་དུ་གྲལ་རིང་པོ་བསྒྲིགས་ཏེ་དགོན་པའི་གཟིམ་སྒོ་ཕྱེ་རྒྱུ་སྒུག་སྡོད་སྐབས་ཀྱང་གྲལ་གོ་རིམ་དང་ལྡན་པ་ཞིག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།