ནགས་འོག་ཐོན་ཁུངས་ཀྱིས་གྲོང་མི་ཕྱུག་པོ་ཆགས་པ།
ཉིང་ཁྲི་ས་ཁུལ་གྱི་གནམ་གཤིས་ཧ་ཅང་ཡག་པ་དང་། ནགས་ཚལ་སྟུག་པ། ཐོན་ཁུངས་ཕུན་སུམ་ཚོགས་པ། ནགས་འོག་སྡོང་ཕུང་སོགས་རི་སྐྱེས་བོད་སྨན་རྒྱུ་ཆ་དང་ཤ་མོ་སོགས་རི་སྐྱེས་ཀྱི་བཟའ་ཆོག་པའི་ཤ་མོའི་རིགས་དང་དེ་བཞིན་རི་སྐྱེས་སྔོ་ཚལ་སྣ་ཁ་200ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་རིང་ས་ཁུལ་དེས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ནགས་འོག་ཐོན་ཁུངས་གསར་སྤེལ་ཤུགས་ཆེན་བྱས་པས་ནགས་འོག་ཐོན་ཁུངས་དེ་དག་ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད། ནགས་འོག་ཐོན་ཁུངས་ཀྱི་ཡོང་འབབ་ཀྱིས་ཉིང་ཁྲི་ས་ཁུལ་གྱི་ཞིང་འབྲོག་པའི་ཡོང་འབབ་ཀྱི་35%ཡས་མས་དང་དངུལ་སྨར་ཡོང་འབབ་60%ནས་70%བར་བཟུང་ཞིང་། འདི་ནི་ཉིང་ཁྲི་རྫོང་ཀླུ་ནང་གྲོང་རྡལ་སྦ་ག་གྲོང་ཚོའི་གྲོང་མིས་ད་ལྟ་འཐུ་མ་ཐག་པའི་རླམ་རྩྭ་ཕོ་སུལ་ཉི་སྐམ་གཏོང་བའི་གནས་ཚུལ་ཡིན་པ།