དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • ལྷ་ས་ནས་གཞིས་རྩེ་བར་འགྲུལ་སྐྱེལ་མེ་འཁོར་གཉིས་ཁ་སྣོན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   |     སྤེལ་དུས།  2015-05-09

        ལྷ་གཞིས་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ཚུན། ཡུལ་སྐོར་བ་དང་ས་ཁུལ་གཉིས་ཀྱི་གྲོང་མི་ཚོར་འགྲིམ་འགྲུལ་གྱི་ཆ་རྐྱེན་སྟབས་བདེ་ཞིག་སྐྲུན་ཡོད་པ་རེད། མིག་སྔར། བོད་ལྗོངས་སུ་ཡུལ་སྐོར་མང་བའི་དུས་ཚོད་ཡིན་པས་ཕར་འགྲོ་ཚུར་འོང་གི་འགྲུལ་པ་མང་བར་བརྟེན་འགྲུལ་སྐྱེལ་ཐད་གནོན་ཤུགས་ཆེན་པོ་ཡོད་པ་རེད། དེར་བརྟེན་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་སྤྱི་ཟླ༩པའི་ཚེས་༢ནས་ཚེས་༡༥བར་ལྷ་ས་ནས་གཞིས་རྩེ་བར་འགྲོ་འོང་བྱེད་པའི་མེ་འཁོར་གཉིས་ཁ་སྣོན་བྱས་ཡོད་པ་དང་། རྩ་བའི་ཆ་ནས་འགྲུལ་པ་སྐྱེལ་འདྲེན་གྱི་གནོན་ཤུགས་ཞི་ལྷོད་དུ་བཏང་ཡོད་པ་རེད།

        ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། “ཉིན་ཤས་རིང་གཞིས་རྩེར་སྐྱོད་མཁན་གྱི་ཡུལ་སྐོར་བ་མང་དུ་ཕྱིན་ཡོད་པས། གནས་ཚུལ་དེར་གཞིགས་ནས་ང་ཚོས་ལྷ་ས་ནས་གཞིས་རྩེ་བར་འགྲོ་འོང་བྱེད་པའི་མེ་འཁོར K༩༨༢༣དང་K༩༨༢༤ཁ་སྣོན་བྱས་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བརྒྱ་ཆ༩༠ཡན་ཟིན་ནས་ཡུལ་སྐོར་བ་མང་པོའི་འདོད་བློ་སྐོང་ཐུབ་པ་བྱུང་ཡོད ”ཅེས་བཤད།

        ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ཚུན། མེ་འཁོར་སྤ་སེ་ཧ་ཅང་གི་དཀོན་པོ་ཡོད་པ་དང་། མིག་སྔར། གཞིས་རྩེ་འདི་ཉིད་ལྷ་སའི་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་བྱ་ཡུལ་གྱི་ཞིག་ཏུ་གྱུར་ཡོད་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་ལྡབ་གཅིག་ཙམ་མང་དུ་ཕྱིན་ཡོད་པས་འགྲོ་འོང་མེ་འཁོར་གཉིས་ཁ་སྣོན་བྱས་པ་དེས་འགྲུལ་སྐྱེལ་གྱི་གནོན་ཤུགས་རྩ་བའི་ཆ་ནས་ཞི་ལྷོད་དུ་བཏང་ཡོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། མེ་འཁོར K༩༨༢༡དང་ཆུ་ཚོད༩པར་ལྷ་ས་ནས་ཐོན་ཏེ་ཆུ་ཚོད༡༡དང་སྐར་མ༥༩གཞིས་རྩེར་འབྱོར་གྱི་ཡོད་པ་དང་། མེ་འཁོར K༩༨༢༣ཆུ་ཚོད༩དང་སྐར་མ༤༠ལྷ་ས་ནས་ཐོན་ཏེ་ཆུ་ཚོད༡༢དང་སྐར་མ༣༩གཞིས་རྩེར་འབྱོར་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།