དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • བོད་ཀྱི་གནམ་མཚོར་བསྐྱོད་པར་སྔ་སྣུར་དུ་བློ་འདྲི་བྱེད་དགོས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། བདེ་འཇགས་འགན་ལེན་བྱ་ཆེད་བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་བསྐྱོད་པར་གནམ་གཤིས་ཀྱིས་རྐྱེན་པས་རི་རྒྱ་བསྡམས་ནས་འགྲོ་ལམ་དུ་འགོར་འགྱངས་མི་ཐེབས་པ་བྱ་ཆེད་ཡུལ་སྐོར་བས་རྒྱུན་ལྡན་ངང་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་གི་ཡོད་མིན་སྔ་སྣུར་དུ་བློ་འདྲི་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

        བོད་ཀྱི་གནམ་མཚོའི་མཛེས་ལྗོངས་ཁུལ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4718ཡོད་པ་དང་དགུན་དུས་སླེབས་པ་དང་སྦྲགས་མཛེས་ལྗོངས་ཁུལ་དུ་གངས་ཡང་ཡང་བབས་ཀྱི་ཡོད་སྟབས་ལམ་ངོས་སུ་གངས་གསོག་ཐེབས་པ་དང་འཁྱགས་པ་ཆགས་སླ་པོ་ཡོད་པ་རེད། མིག་སྔར་འདམ་གཞུང་རྫོང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་ཉིན་ལྟར་མཛེས་ལྗོངས་ཁུལ་ནང་གི་ལམ་བུའི་གནས་ཚུལ་སྐོར་ཞིབ་བྱེད་པ་དང་གནམ་གཤིས་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱེད་པར་བརྟེན་ནས་མཛེས་ལྗོངས་ཁུལ་དེ་ཉིན་གཉིས་པར་རྒྱུན་ལྡན་ངང་སྒོ་མོ་ཕྱེ་ཐུབ་མིན་གཏན་འཁེལ་བྱེད་ཀྱི་ཡོད་པ་རེད།

        ཡུལ་སྐོར་བས་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཚོང་ཁུལ་གྱི་ཆུ་ཚོད་24རིང་ལས་རེས་བྱེད་པའི་ཁ་པར་13322506864བརྒྱུད་བློ་འདྲི་བྱེད་དགོས་པ་ལས་རྨོངས་ཚོད་ངང་འགྲོ་རྒྱུ་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།