དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཀོང་ཀྲོའུ་ནས་ཉིང་ཁྲི་བར་གྱི་མཁའ་ལམ་གཉིས་གསར་དུ་གཏོད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཀོང་ཀྲོའུ་དང་། ཁྲེང་ཏུའུ། ཉིང་ཁྲི་བཅས་བར་དང་ཀོང་ཀྲོའུ་དང་། ཁྲུང་ཆིང་། ཉིང་ཁྲི་བཅས་བར་གྱི་མཁའ་ལམ་གསར་པ་གཉིས་གཏོད་རྒྱུ་རེད།

        གྲོས་མོལ་གཞིར་བཟུང་། ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་ཀོང་ཀྲོའུ་ནས་ཉིང་ཁྲི་བར་གྱི་མཁའ་ལམ་གཉིས་གསར་དུ་གཏོད་རྒྱུ་ཡིན་ཞིང་། སྐབས་དེ་དུས་ཉིང་ཁྲིའི་གནམ་གྲུ་བབ་ཐང་གི་དུས་གཏན་གནམ་གྲུའི་གྲངས་ཚད་དེ་ད་ཆའི་ཉིན་རེའི་དུས་གཏན་གནམ་གྲུ་གཅིག་ནས་དུས་གཏན་གནམ་གྲུ་བཞི་ནས་ལྔ་བར་མང་དུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།