ཁུན་མིང་ནས་ལྷ་ས་དང་ལྷ་ས་ནས་ཁུན་མིང་བར་གྱི་མཁའ་ལམ་རིང་མིན་སླར་གསོ་བྱ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་ཡུན་ནན་ཡན་ལག་ཀུང་སིས་ཁུན་མིང་ནས་ལྷ་ས་དང་ལྷ་ས་ནས་ཁུན་མིང་བར་གྱི་མཁའ་ལམ་སླར་གསོ་བྱ་རྒྱུ་ཡིན་པ་དང་སྐབས་དེར་རྒྱ་ཆེའི་ཡུལ་མི་དང་འགྲུལ་པར་འགྲོ་སྐྱོད་ཀྱི་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།
གསར་འགོད་པར་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་ཡུན་ནན་ཡན་ལག་ཀུང་སིའི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་མཁའ་ལམ་འདིར་པོའོ་དབྱིང་737—700རྟགས་ཅན་གྱི་གནམ་གྲུ་ཐོག་མར་འཕུར་རྒྱུ་ཡིན་པ་དང་འཕུར་བའི་དུས་འཁོར་ནི་ཉིན་རེར་འགྲོ་འོང་ཐེངས་གཅིག་བྱ་རྒྱུ་ཡིན་པ་རེད།