དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • བོད་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་53000ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ལས་2009ལོར་བོད་ཀྱིས་གཞུང་ལམ་འཛུགས་སྐྲུན་ལ་དངུལ་སྒོར་དུང་ཕྱུར་60.62བཏང་བ་དེ་ན་ནིང་ལས་34.65%འཕར་བ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་53634ལོན་པ། རྫོང་67%ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་པ། ཤང་གྲོང་97.95% དང་སྒྲིག་གཞི་ཚང་བའི་གྲོང་ཚོ་80.25%ལ་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་མངོན་གྱི་ཡོད་པ་རེད།

        བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཐིང་ཀྲང་ཀྲའོ་ཧྲི་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2009ལོ་ནི་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་མང་ཤོས་དང་། དངུལ་གཏོང་ཤུགས་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་ཆེ་ཤོས། དཔལ་འབྱོར་ཡར་སྐུལ་གྱི་ཕན་འབྲས་མངོན་གསལ་དོད་ཤོས་བཅས་ཀྱི་ལོ་ཞིག་ཡིན་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་བཏང་བ་དེས་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་ཕུལ་ཚད་9.6%ལོན་ནས་དཔལ་འབྱོར་བརྒྱ་ཆའི་གྲངས་གནས་1.2འཕར་རྒྱུའི་ཡར་སྐུལ་བྱས་ཡོད་པ་རེད།

        2009ལོར་བོད་ཀྱིས་ལས་འགོ་གསར་པ་བཙུགས་ནས་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་། རྒྱལ་ལམ་214ཡི་ཆབ་མདོ་ནས་སྤང་མདའ་གནམ་གྲུ་ཐང་བར་སོགས་གཙོ་གནད་གཞུང་ལམ་རྣམ་གྲངས་19བསྐྲུན་པ་དང་། རྒྱལ་ལམ་317གྱི་འཇོ་མདའ་ནས་ཐོ་པ་བར་དང་། རྒྱལ་ལམ་219ཡི་མོན་འཚེར་ནས་སྦྲ་དཀར་བར་སོགས་ཀྱི་རྣམ་གྲངས་11བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཤར་བགྲོད་ཐུབ་པའི་ལས་གྲྭར་དངུལ་སྒོར་དུང་ཕྱུར་7.8བཏང་བ་དང་འདི་ལོ་རྣམ་གྲངས་གསར་པ་95གསར་སྐྲུན་བྱས་ནས་འཛུགས་སྐྲུན་གྱི་ལམ་ཚད་སྤྱི་ལེ་4081ལོན་པ་དང་ཤང་གྲོང་19དང་སྒྲིག་གཞི་ཚང་བའི་གྲོང་ཚོ་213ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད། ད་ཆ་བོད་དུ་ལྷ་སས་ལྟེ་བར་བྱེད་པ་དང “འཕྲེད་གསུམ་གཞུང་གསུམ ”གྱིས་སྒྲོམ་གཞི་གཙོ་བོར་བྱས་ཏེ་ཤར་ཕྱོགས་སུ་སི་ཁྲོན་དང་ཡུན་ནན་དང་སྦྲེལ་ཡོད་པ་དང་། ནུབ་ཕྱོགས་སུ་ཤིན་ཅང་དང་སྦྲེལ་ཡོད་པ། བྱང་ཕྱོགས་སུ་མཚོ་སྔོན་དང་སྦྲེལ་ཡོད་པ། ལྷོ་ཕྱོགས་སུ་རྒྱ་གར་དང་ནེ་པ་ལ་དང་སྦྲེལ་ཡོད་པའི་ཁར་ལྗོངས་ནང་ཁུལ་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་ཕན་ཚུན་སྦྲེལ་བ་དང་། ས་ཁུལ་དང་གྲོང་ཁྱེར་ཕན་ཚུན་སྦྲེལ་བ། རྫོང་དང་ཤང་ཕན་ཚུན་སྦྲེལ་བ་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་དྲ་བ་སྤྱིར་ན་ཆགས་ཟིན་པ་དང་གཞུང་ལམ་ལག་རྩལ་གྱི་རིམ་པ་དང་རླངས་འཁོར་སྐྱོད་པའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད། ਍

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།