དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • སྣང་རྫོང་གིས་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཤར་ཚུན་སྣང་རྫོང་གིས་ཐོག་མཐའ་བར་གསུམ་དུ་མཐུན་སྦྱོར་ལྡན་པའི་འགྲིམ་འགྲུལ་བྱ་གཞག་འཛུགས་སྐྲུན་བྱ་རྒྱུ་དེ་དམིགས་ཚད་དུ་བྱས་ཏེ་གསར་འབྱེད་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་ཀྱི་ཐོག་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱིར་འགྲིམ་འགྲུལ་གྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད། མ་དངུལ་སྒོར་ཁྲི་83བཏང་སྟེ་གྲོང་མདའི་ཞལ་སྟེང་ཐང་གཞུང་ལམ་དང་། བླ་དོན་ཞོལ་གྲོང་ཚོའི་གཞུང་ལམ་མཁྲེགས་སྒྱུར། སྟོད་གཤོངས་གྲོང་ཚོའི་ལྕགས་སྒྲོམ་ཟམ་པ་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་ནས་མང་ཚོགས་700ཙམ་གྱི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད།

        སྣང་རྫོང་གིས “བདེ་འཇགས་ཕྱིར་སྐྱོད། དུས་བདེའི་སྣང་རྫོང ”ཞེས་པའི་བརྗོད་བྱ་གཙོ་བོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་རིང་ཁྱོན་དྲིལ་བསྒྲགས་ཡི་གེ་དང་དྲིལ་བསྒྲགས་དེབ་ཆུང་250ལྷག་ཙམ་སྤྲད་པ་དང་། དྲིལ་བསྒྲགས་བཪྙན་པར་50སྦྱར་བ། སློབ་གསོ་ཐེབས་མཁན་མང་ཚོགས་600ལྷག་ཙམ་ཟིན་ཡོད། དྲིལ་བསྒྲགས་ཡིག་སྒྲོམ་སྒྲིག་གཤོམ་བྱེད་པ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲོད་པ། དྲིལ་བསྒྲགས་པར་གཞི་ལྟ་བ། ས་གནས་ས་ཐོག་ཏུ་བློ་འདྲི་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་། མྱུར་ཚད་ལས་བརྒལ་བ་དང་། མི་ཚད་གཞི་ལས་བརྒལ་ནས་བླུགས་པ། འཕྲུལ་སྒུལ་འཁོར་རིགས་གང་བྱུང་དུ་འཇོག་པ། སྦག་སྦག་གཏོང་མཁན་གྱིས་བདེ་འཇགས་ཞྭ་མོ་མི་གྱོན་པ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་རུ་ཆེན་གྱིས་འབྲེལ་ཡོད་གདམ་ཚིག་དྲིལ་བསྒྲགས་རི་མོ་ཁག་ 12 ཆེད་མངགས་པར་སྐྲུན་བྱས་ཏེ་འགྲིམ་འགྲུལ་གྱི་མངོན་གསལ་དོད་ས་ཁག་ཏུ་སྦྱར་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད།

        གཞན་ཡང་སྣང་རྫོང་གིས་ད་དུང་གཞུང་ལམ་བདག་སྐྱོང་དོ་དམ་དང་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། མི་སྣ་སྒྲིག་འཛུགས་བྱས་ཏེ་ལ་ཐོག་ཤང་རྣམ་རྒྱལ་གཞུང་ལམ་གྱི་ལམ་གཞི་ཐོར་ཞིག་ཏུ་སོང་བ་དང་གཙང་པོའི་ཆུ་བོ་ལམ་ཐོག་ཏུ་འཁྱིལ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་དུས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་མྱུར་བཟོ་བྱས་ཏེ་ཉེན་ཁ་བསལ་ནས་གཞུང་ལམ་ཤར་བགྲོད་ཐུབ་པ་བྱས་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་མ་དངུལ་སྒོར་ཁྲི་26.6 བཏང་སྟེ་གྲོང་གསེབ་ཀྱི་མ་ལམ་སྤྱི་ལེ་108 དང་གྲོང་ཚོའི་གཞུང་ལམ་སྤྱི་ལེ་ 199 ཉམས་བཟོ་བྱས་པ། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་དང་ཟམ་པ་ཐོ་འགོད་རིགས་དབྱེ་བྱས་པ། ཐོར་ཞིག་སོང་བའི་ལམ་དུམ་བུར་སྐོར་བཤེར་ལེགས་སྒྲིག་བྱས་ཏེ་ཉེན་ཁ་ཁག་5 བསལ་བ་དང་གདམ་ཚིག་ཁག་7 དང་། ལམ་སྟོན་བྱང་བུ་19 ཟུར་སྦྱར་སྦྱར་ཡིག་ཁག་107 སྒྲིག་བཟོ་བྱས་པ་དང་སྦྱར་བ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཐོག་བདེ་འཇགས་ལམ་སྐྱོར་ཁག་3 བསྐྲུན་པར་རིམ་རྩིས་བྱས་ན་རིང་ཚད་སྤྱི་ཁྲེ་ 113 ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།