དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • གནམ་མཚོ་ནས་དཔལ་མགོན་བར་སྣུམ་ནག་ལམ་བཏིང་ཚར་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2008ལོའི་ཟླ་4ཚེས་28ཉིན་ལས་འགོ་ཚུགས་པའི་བོད་ལྗོངས་གནམ་མཚོ་ནས་དཔལ་མགོན་རྫོང་བར་གྱི་སྣུམ་ནག་ལམ་བསྐྱར་སྐྲུན་གྱི་ལས་གྲྭ་དེ་ཉེ་ཆར་མཇུག་འགྲིལ་བ་རེད། གནམ་མཚོ་ནས་དཔལ་མགོན་བར་གྱི་སྣུམ་ནག་ལམ་ནི་བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་གཙོ་གནད་ལས་གྲྭ་ཞིག་ཡིན། དེའི་རིང་ཚད་ལ་སྤྱི་ལེ་170ལྷག་ཙམ་ཡོད་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.5བཏང་བའི་སྣུམ་ནག་ལམ་དེ་ནི་བོད་དབུས་ས་ཁུལ་ནས་ནག་ཆུའི་ནུབ་རྒྱུད་རྫོང (ཆུས )ཁག་དང་ཐ་ན་མངའ་རིས་ས་ཁུལ་དུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་དུམ་བུ་གཙོ་བོ་ཞིག་ཡིན་ཞིང་།

        འདི་ནི་ས་ཆ་དེ་གའི་ཞིང་འབྲོག་པས་བཏིང་མ་ཐག་པའི་སྣུམ་ནག་གཞུང་ལམ་ཐོག་སྦག་སྦག་བཞོན་ནས་སྐྱོད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།