དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • ཤིས་ཨན་ནས་ལྷ་ས་དང་གཟི་ཚ་སྡེ་དགུ་བར་གྱི་འགྲོ་འོང་མཁའ་ལམ་སླར་གསོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་6པའི་ཚེས་16ཉིན་ཆེད་འཕྲིན་འབྱོར་གསལ། གསར་འགོད་པས་སྤྱི་ཚེས་14ཉིན་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར། ཧེ་ནན་མཁའ་འགྲུལ་ཀུང་སིའི་ཤིའི་ཨན་ནས་ལྷ་ས་དང་གཟི་ཚ་སྡེ་དགུ་བར་འགྲོ་འོང་བྱེད་པའི་མཁའ་ལམ་གཉིས་པོ་སྤྱི་ཚེས་13ཉིན་ནས་བཟུང་སླར་གསོ་བྱས་ཤིང་། དུས་གཏན་གནམ་གྲུ་ནི་མཁའ་འགྲུལ་A319གནམ་གྲུས་འགན་ལེན་བྱས་ཏེ་འཕུར་སྐྱོད་བྱེད་ཀྱི་ཡོད།

        ངོ་སྤྲོད་གནང་བར་གཞིགས་ན། ཤིའི་ཨན་ནས་ལྷ་ས་བར་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུའི་ཨང་གྲངས་ནི་HU7858/7857ཡིན་པ་དང་། ཉིན་ལྟར་ཆུ་ཚོད་13དང་སྐར་མ་05ཐོག་ཤིས་ཨན་ནས་འཕུར་ཞིང་། ཉིན་དེ་གའི་ཆུ་ཚོད་16དང་སྐར་མ་50ཡི་ཐོག་ལྷ་ས་ནས་ཐོན་ཏེ་ཤིས་ཨན་དུ་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད།

        ཤིའི་ཨན་ནས་གཟི་ཚ་སྡེ་དགུའི་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ཨང་གྲངས་ནི་HU7844/7843ཡིན་པ་དང་། ཉིན་ལྟར་ཆུ་ཚོད་༢༠དང་སྐར་མ་༥༠ཐོག་ཤིའི་ཨན་ནས་འཕུར་ཞིང་། ཉིན་དེ་གའི་ཆུ་ཚོད་22དང་སྐར་མ་40ཐོག་གཟི་ཚ་སྡེ་དགུ་ནས་ཐོན་ཏེ་ཤིས་ཨན་དུ་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད།

        ལྷ་ས་བར་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུའི་ཨང་གྲངས་ནི་HU7858/7857ཡིན་པ་དང་། ཉིན་ལྟར་ཆུ་ཚོད་13དང་སྐར་མ་05ཐོག་ཤིས་ཨན་ནས་འཕུར་ཞིང་། ཉིན་དེ་གའི་ཆུ་ཚོད་16དང་སྐར་མ་50ཡི་ཐོག་ལྷ་ས་ནས་ཐོན་ཏེ་ཤིས་ཨན་དུ་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད།

        ཤིའི་ཨན་ནས་གཟི་ཚ་སྡེ་དགུའི་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ཨང་གྲངས་ནི་HU7844/7843ཡིན་པ་དང་། ཉིན་ལྟར་ཆུ་ཚོད་20དང་སྐར་མ་50ཐོག་ཤིའི་ཨན་ནས་འཕུར་ཞིང་། ཉིན་དེ་གའི་ཆུ་ཚོད་22དང་སྐར་མ་40ཐོག་གཟི་ཚ་སྡེ་དགུ་ནས་ཐོན་ཏེ་ཤིས་ཨན་དུ་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།