དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • བོད་དུ་འགྲོ་འོང་བྱེད་མཁན་གྱི་གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེ་དཀོན་དུ་འགྲོ་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། བོད་དུ་ལྗོངས་རྒྱུ་རིམ་གྱིས་སླར་གསོ་བྱུང་བ་དང་བོད་དུ་ལྗོངས་རྒྱུར་ཡོང་མཁན་མང་དུ་ཕྱིན་པར་བརྟེན་བོད་ཀྱི་གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེ་ཡང་དཀོན་དུ་ཕྱིན་ཡོད།

        ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཀྲེན་ཀྲང་གཞོན་པ་ཅ་ནེ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་བདུན་པའི་ཟླ་དཀྱིལ་ནས་འགོ་བཙུགས་ཏེ་ལྷ་སའི་མེ་འཁོར་བབས་ཚུགས་སུ་འགྲུལ་པ་ཡོང་ཚད་མང་དུ་ཕྱིན་པ་དང་ཟླ་བ་ལྔ་པ་དང་ཟླ་བ་དྲུག་པར་མེ་འཁོར་ནང་ཡོང་མཁན་འགྲུལ་པ་60%ཡང་མི་ལོན་པ་ནས་མིག་སྔའི་80%ཡན་བར་མང་དུ་ཕྱིན་པ་དང་ལྷག་པར་དུ་ལྷ་ས་ནས་ཀོང་ཀྲོའུ་དང་ཧྲང་ཧའེ་སོགས་ལྗོངས་རྒྱུ་བྱེད་མང་བའི་ཁུལ་དུ་མེ་འཁོར་གྱི་སྤ་སེ་དཀོན་ཙམ་ཡོད་པ་དང་མེ་འཁོར་ནང་འགྲུལ་པ་ཁེངས་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།