ལྷ་ས་གོང་དཀར་གནམ་གྲུ་ཐང་དུ་མཚན་མོ་གནམ་གྲུ་འཕུར་སྐྱོད་ཚོད་ལྟ་ལེཌ་གྲུབ་བྱུང་བ།
ཟླ་ 6 ཚེས་ 27 ཉིན་གྱི་ཆུ་ཚོད་ 21 དང་སྐར་མ་ 10 ཡི་ཐོག་མཁའ་འགྲུལ་ A319 རྟགས་ཅན་གོང་དཀར་གནམ་གྲུ་ཐང་ནས་འཕུར་སྐྱོད་བྱས་ཏེ་མཁའ་ཐོག་ཏུ་ཆུ་ཚོད་གཅིག་ཙམ་འཕུར་སྐྱོད་བྱས་རྗེས་བསྐྲུན་ཟིན་མ་ཐག་པའི་མཁའ་འགྲུལ་རམ་འདེགས་གློག་སྒྲོན་གྱི་ཁྲིད་སྟོན་འོག་གནམ་གྲུ་བབས་ཐང་དུ་བདེ་བླག་ངང་བབས་པ་རེད། ད་རེས་འཕུར་སྐྱོད་ཚོད་ལྟའི་གནམ་གྲུའི་ཐོག་ཞུགས་མཁན་འགོ་ཁྲིད་དང་ཞིབ་བཤེར་རྩིས་ལེན་གྱི་རིགས་གཅིག་མཁས་ཅན་གྱིས་ཚོད་ལྟའི་འཕུར་སྐྱོད་བྱས་པར་གདེང་འཇོག་ཆེན་པོ་གནང་ཡོད། རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས་རྗེས་གནམ་གྲུ་དེ་ཁྲེང་ཏུར་འཕུར་བ་དེ་ཐོག་ནས་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་མཚན་མོ་གནམ་གྲུ་འཕུར་སྐྱོད་བྱ་རྒྱུ་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད།
འདི་ནི་ཚོད་འཕུར་གནམ་གྲུ་ལྷ་ས་གོང་དཀར་གནམ་གྲུ་ཐང་དུ་བདེ་འཇགས་ངང་བབས་པའི་གནས་ཚུལ་ཡིན་པ།