བོད་བྱང་ཐང་གི་སྦྲ་གུར་སྣེ་ལེན་ཁང་།
འདི་ནི་སྦྲ་གུར་སྣེ་ལེན་ཁང་ཡིན་པ།
འདི་ནི་སྦྲ་གུར་ནང་ཡུལ་སྐོར་བ་ངལ་གསོ་བཞིན་ཡོད་པ།
འབུར་ལུག་གངས་རིའི་འཁྱག་རོམ་ནི་བོད་ཀྱི་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་གི་ས་བབ་སྨི་5350ནས་6800ཡི་སར་གནས་པ་དང་ས་ཁྱོན་སྤྱི་ལེ་ངོས་གྲུ་400ལྷག་ཙམ་ཟིན་པ་ནི་འཛམ་གླིང་ཐོག་འཕྲེད་ཐིག་འབྲིང་དམའི་འཁྱག་རོམ་ཆེ་ཤོས་ཤིག་ཡིན། འབུར་ལུག་གངས་རིའི་འཁྱག་རོམ་དང་ཐོག་1999ལོར་ཀྲུང་གོ་དང་ཨ་རིའི་ཚན་ཞིབ་པས་ཐོག་མར་ཤེས་རྗེས་འཛམ་གླིང་ཐོག་ལྷོ་སྣེ་དང་བྱང་སྣེ་ཕུད་པའི་འཁྱག་རོམ་ཆེ་ཤོས་ཤིག་ཡིན་པར་གཏན་འཁེལ་བྱས་པ་རེད།
ཉེ་ཆར་བོད་ཀྱི་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་གི་འབུར་ལུག་གངས་རིའི་འཁྱག་རོམ་གནས་ཡུལ་དུ་སྦྲ་གུར་སྣེ་ལེན་ཁང་བཙུགས་ཏེ་ཡུལ་སྐོར་བར་ཟ་སྡོད་མཁོ་འདོན་བྱས་པས་ཡུལ་སྐོར་བ་300ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་པ་བྱུང་བ་རེད།