དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ཞག་སྡོད།
  • བོད་ལྗོངས་ཉིང་ཁྲིའི་ཁྱིམ་ཚང་མགྲོན་ཁང་གིས་དར་སྲོལ་དང་བསྟུན་ནས་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་དར་བཟོ་འབྲེལ་མཐུད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        འདི་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བཀྲ་ཤིས་སྒང་གྲོང་ཚོའི་ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ནང་བཀལ་བའི་བྱ་དགའ་སྣ་ཚོགས་ཡིན་པ།

        འདི་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བཀྲ་ཤིས་སྒང་གྲོང་ཚོའི་ཨ་ཁུ་ཕུན་ཚོགས་ཀྱིས་རང་ཉིད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་སྒོ་ཁར་ཡོད་པ།

        འདི་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བཀྲ་ཤིས་སྒང་གྲོང་ཚོའི་ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་སྒོ་རྭ་ཆུང་བ་ཡིན་པ།

        འདི་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བཀྲ་ཤིས་སྒང་གྲོང་ཚོའི་ཨ་ཁུ་ཕུན་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་ནང་སྦྱར་བའི་ཡུལ་སྐོར་བའི་འཕྲིན་ཡིག་ཡིན་པ།

        སྲོལ་རྒྱུན་གྱི་བོད་ཁྱིམ་སྒོ་རྭ་ཆུང་ཆུང་ལ་ས་ཁོངས་ཀྱི་ཉམས་འགྱུར་ཆེས་ཆེར་ལྡན་པའི་བོད་ལུགས་ཀྱི་རྒྱན་སྣ་ཚོགས་སྤྲས་ཡོད་པ་སྟེ། བོད་ལུགས་ཀྱི་ཆ་སྒམ་དང་། ཧྲ་ཧྥ། རོ་བཅུད་ལྡན་པའི་ཇ་མངར་མོ་སོགས་ཡིན་ཞིང་། དེ་ནི་རྒྱལ་ལམ་318འགྲམ་དུ་གནས་པའི་ཉིང་ཁྲི་ས་ཁུལ་བཀྲ་ཤིས་སྒང་གྲོང་ཚོའི་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་ཡིན། ཁྱིམ་ཚང་མགྲོན་ཁང་དེ་བལྟས་ཚེ་སྲོལ་རྒྱུན་ཡིན་མོད། འོན་ཏེ་རིན་མེད་ཀྱི་WiFiདང་། རང་འབབ་ཆུ་ཀ་ལ། ཆུས་བཤལ་ཆོག་པའི་གསང་སྤྱོད་བཅས་ཡོད་པས་ཡུལ་སྐོར་བར་སྲོལ་རྒྱུན་གྱི་མི་རིགས་ཉམས་འགྱུར་ལྡན་པའི་སྒོ་རྭའི་ནང་འཚོ་བ་སྐྱེལ་ནའང་དེང་རབས་ཅན་གྱི་སྒྲིག་ཆས་སྟབས་བདེ་ངང་བེད་སྤྱོད་བྱེད་ཆོག་གི་ཡོད།

        ཉེ་བའི་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ཐོན་ལས་རྒྱུན་མི་ཆད་པ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་ཇེ་མང་དུ་སོང་ཞིང་། དེ་དག་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་མ་ཟད་དེང་རབས་ཅན་གྱི་ཞབས་ཞུའི་སྒྲིག་ཆས་དང་གཉེར་སྐྱོང་འདུ་ཤེས་ཀྱང་མང་དུ་སོང་ཡོད། ཞིང་འབྲོག་པས་ཁོང་ཚོའི་ཁྱིམ་ཚང་མགྲོན་ཁང་ཡང “དར་སྲོལ་རྗེས་སུ་སྙེགས ”སྟེ། ས་ཁོངས་ཀྱི་ཉམས་འགྱུར་ལྡན་པ་མ་ཟད། ད་དུང་དེང་རབས་ཀྱི་དར་བཟོའང་ཡོད་པས་ཡུལ་སྐོར་བར་ཁྱིམ་ཚང་གི་དྲོ་སྐྱིད་མྱོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།