དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཁུན་མིང་དུ་དགུན་དུས་ཡུལ་སྐོར་སྐྱོད་ལམ་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཁུན་མིང་དུ་སེམས་ཀྱི་ཉི་ཟླའི་དགུན་དུས་ཡུལ་སྐོར་རྣམ་གྲངས་ངོ་སྤྲོད་བྱས་པ་དང་། ཆེད་མངགས་ཇུས་འགོད་བྱས་པའི་ཡུལ་སྐོར་སྐྱོད་ལམ་མང་པོ་ཞིག་ཡོང་བསྒྲགས་བྱས་པ་མ་ཟད། ད་དུང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

        བདེ་ཆེན་ཀྲོའུ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཕེ་ཐའོ་ཡིས་ངོ་སྤྲོད་ཚོགས་འདུའི་ཐོག་བདེ་ཆེན་ཁོངས་སུ་གངས་རི་ཤིན་ཏུ་མང་པོ་ཡོད་ཅིང་། སྐད་གྲགས་ཆེ་བའི་ཁ་བ་དཀར་པོར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6740ཡོད་པ་དང་གཞན་ཡང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་གངས་རི་ཆེ་ཆུང་མང་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

        ངོ་སྤྲོད་ཚོགས་འདུའི་ཐོག་བདེ་ཆེན་ཀྲོའུ་ཡིས་དགུན་དུས་ཀྱི་ཡུལ་སྐོར་སྐྱོད་ལམ་མང་པོ་ཞིག་ངོ་སྤྲོད་བྱས་པ་དང་དུས་མཚུངས་སུ་བདེ་ཆེན་དུ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་དང་། བཟའ་འཐུང་རིག་གནས། འཛུགས་སྐྲུན་རིག་གནས། ཡུལ་སྲོལ་གོམས་འདྲིས། རྩོམ་རིག་སྒྱུ་རྩལ་སོགས་ཡོད་ལ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་མཁན་མི་རིགས་ཁག་10ལྷག་ཙམ་གྱིས་བཏོད་པའི་མི་རིགས་མང་བའི་རིག་གནས་ཀྱང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།