དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • བོད་དུ་ཡོད་པའི་གཙང་པོ་དང་ཆུ་བོ་ཆེ་གྲས་ལས་ཡར་ཀླུང་གཙང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ཡར་ཀླུང་གཙང་པོ་ནི་བོད་ཀྱི་གཙང་པོ་ཆེ་ཤོས་ཤིག་ཡིན་པ་དང་རྒྱུག་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་240480ཡོད་པ་དང་རྒྱལ་ནང་དུ་རིང་ཚད་སྤྱི་ལེ་2057ཡོད་ཅིང་། གཙང་པོ་དེ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ཡོད་པའི་མཚོ་མ་ཕམ་གྱི་ཤར་རྒྱུད་ནས་འབབ་པ་དང་དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར་ཞིང་། ཆུ་བོ་དེ་གཙང་ཁུལ་རྒྱུད་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཡར་ཀླུང་ཡུལ་དུ་འབབ་སྐབས་ཡར་ཀླུང་གཙང་པོ་ཟེར། དེ་ནས་མུ་མཐུད་ཤར་ཕྱོགས་སུ་བབ་སྟེ་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་ལ་གཏད་ནས་ཧིན་རྡུ་དང་བྷ་ག་ལ་རྒྱུད་ཧིན་རྡུ་རྒྱ་མཚོར་འབབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།