དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • ལྷ་ས་ནས་ནག་ཆུ་དང་དེ་ནས་གོར་མོར་བསྐྱོད་པའི་ལམ་ཐིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ལྷ་ས་ནས་ནག་ཆུ་དང་དེ་ནས་གོར་མོར་བསྐྱོད་པའི་ལམ་ཐིག་ནི་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་རྩྭ་ཐང་མཛེས་ལྗོངས་གཙོ་བོར་བྱས་པའི་ལམ་ཐིག་ཤིག་རེད།

        ལྷ་ས་ནས་ཐོན་ཏེ་ནུབ་བྱང་ངོས་སུ་བསྐྱོད་ཚེ་དང་ཐོག་མཚུར་ཕུ་དགོན་པར་སླེབས་པ་དང་། དེ་ནས་ནུབ་བྱང་ངོས་སུ་མུ་མཐུད་བསྐྱོད་ཚེ་སྐད་གྲགས་ལྡན་པའི་ས་འོག་ཡངས་པ་ཅན་ཚ་ནུས་ཁུལ་དུ་འབྱོར་ཞིང་། སླེབས་གྲབས་ཡོད་སྐབས་ཐག་རིང་པོ་ནས་དྲོད་རླངས་མཁའ་ལ་འཕྱུར་བ་མཐོང་ཐུབ། ཡངས་པ་ཅན་ནས་བྱང་ཤར་དུ་བསྐྱོད་ཚེ་གཅིག་ལ་གཅིག་འབྲེལ་གྱི་གངས་རི་དང་། མུ་མཐའ་མེད་པའི་རྩྭ་ཐང་གིས་ཁྱེད་དང་འགྲོགས་ནས་ཡོང་། གལ་ཏེ་བོད་ཀྱི་མཚེའུ་ཆེ་ཤོས་གནམ་མཚོ་ཕྱུག་མོ་མཇལ་འདོད་ཚེ། འདམ་གཞུང་ནས་བྱང་ངོས་སུ་བསྐྱོད་དེ་། རྩྭ་ཐང་དང་གཉན་ཆེན་ཐང་ལ་བརྒྱུད་དེ་མཇལ་ཐུབ། ནག་ཆུ་ནི་བོད་བྱང་ཐང་གི་གྲོང་རྡལ་གཙོ་བོ་གཙོ་བོ་ཡིན་པ་དང་ལོ་རེའི་སྤྱི་ཟླ་བརྒྱད་པའི་བྱང་ཐང་འཆར་ཅན་རྟ་རྒྱུག་ནི་ས་ཕྱོགས་གང་སར་སྐད་གྲགས་ལྡན། (ཚེ་རིང་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།