དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • ལྷ་མོའི་བླ་མཚོ།

  •     སྤེལ་དུས།  2015-05-09

        ལྷ་མོའི་བླ་མཚོར་བསྐྱོད་སྐབས་ལྷ་ས་ནས་རྩེད་ཐང་དང་དེ་ནས་རྒྱ་ཚྭ་བར་གཏན་འཁེལ་བའི་རླངས་འཁོར་ཡོད་པས་སྟབས་བདེ་པོ་ཡོད། རྒྱ་ཚྭ་ནས་ལྷ་མོའི་བླ་མཚོ་བར་རླངས་འཁོར་གཏན་འཁེལ་མེད་པས་རང་གི་རླངས་འཁོར་གཏོང་བའམ་ཡང་ན་རླངས་འཁོར་གླ་དགོས་ཀྱི་ཡོད། རླངས་འཁོར་གླས་ན་སྤྱིར་སྒོར་600ནས་1000བར་ཡིན་པ་རེད། རྒྱ་ཚྭ་ནས་སྨན་གླིང་བར་གཏན་འཁེལ་རླངས་འཁོར་ཡོད་པ་དང་། ལྷ་མོའི་བླ་མཚོ་མཇལ་རྗེས་ལམ་གཡས་གཡོན་དུ་ཡར་ཀླུང་གཙང་པོའི་མཛེས་ལྗོངས་བལྟས་ཆོག་ལ་སྐད་གྲགས་ལྡན་ལྡན་པའི་ཡར་ཀླུང་གཙང་པོའི་རོང་ཆེན་དུའང་བསྐྱོད་ཆོག

        ལྷ་མོའི་བླ་མཚོར་རྒྱ་མཚོའི་ངོས་ནས་མཐོ་བ་དང་འགྲོ་ལམ་གཡང་གཟར་ཆེ་བ་མ་ཟད་ལོ་གཅིག་ནང་ཟླ་བ་བདུན་ལམ་འཁྱགས་ནས་འགག་འགྲོ་བ་དང་། ཟླ་བ་6ནས་9བར་ནི་ལྷ་མོའི་བླ་མཚོ་མཇལ་བའི་དུས་ཚིགས་ཡག་ཤོས་ཡིན།

        (ཚེ་རིང་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།