དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • བོད་ཀྱི་ལྗོངས་རྒྱུའི་ཚད་ལྡན་ལམ་ཐིག་ངོ་སྤྲོད།

  •     སྤེལ་དུས།  2015-05-09

            བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་རྒྱུ་ཅུས་ཁྲོམ་ར་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱི་ལྗོངས་རྒྱུའི་ལམ་ཐིག་ཉིན་3ནས་ཉིན་5 བར་དང་ཉིན་5 ནས་15 བར་གྱི་ལམ་ཐིག་རིང་ཐུང་མི་འདྲ་བར་དབྱེ་ནས་ལམ་ཐིག་མི་འདྲ་བའི་མཛེས་ལྗོངས་ཁུལ་གྱི་ནང་དོན་མི་འདྲ་བར་མཚོན་ཐུབ། དེར་བརྟེན་ལྗོངས་རྒྱུ་བས་རང་ཉིད་སོ་སོའི་དགོས་མཁོར་གཞིགས་ཏེ་གཏན་འཁེལ་བྱས་ནས་རང་ཉིད་ཀྱི་ལྗོངས་རྒྱུའི་དུས་ཚོད་ལ་དམིགས་ཏེ་ལྗོངས་རྒྱུའི་ནང་དོན་དང་གཟུགས་པོའི་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ནས་ཡུལ་སྐོར་ལམ་ཐིག་འདེམས་དགོས།

            བོད་ཀྱི་ལྗོངས་རྒྱུའི་གནས་བབ་ནི་ལྷ་སའི་ཕྱོགས་ཁག་ནས་གཞིས་རྩེ་དང་། ལྷོ་ཁ། ནག་ཆུ། མངའ་རིས། ཉིང་ཁྲི་དང་ཆབ་མདོ་བཅས་ས་གནས་དྲུག་བར་ཁྱབ་ནས་གཙོ་བོའི་ལམ་ཐིག་དྲུག་ལས་གྲུབ་པ་ཡིན།

            1. ལྷ་ས་-གཞིས་རྩེ -ལྷ་རྩེ -སྤྲ་རྨོག་ལམ་ཐིག་ནི་སྲོལ་རྒྱུན་གྱི་ལམ་ཐིག་ཡག་ཤོས་ཤིག་ཡིན།

            2. ལྷ་ས་-གཞིས་རྩེ -ལྷ་རྩེ -མཚོ་ལྷ -སྒེར་རྩེ -དགའ་སྐྱིད -སེང་གེ་ཁ་འབབ -སྤུ་ཧྲེངལམ་ཐིག་ནི་རིང་པོ་ཡོད་ཀྱང་དེ་བས་ཀྱང་མཚར་སྡུག་ལྡན་པ་ཞིག་ཡོད།

            3. ལྷ་ས་-རྒྱལ་རྩེ -གཞིས་རྩེ -ལྷ་སའི་ལམ་ཐིག་ནི་ལྗོངས་རྒྱུའི་ལམ་ཐིག་གོར་མོ་ཞིག་ཡིན་པའི་ལམ་ཐིག་དེའི་ཐོག་བསྐྱོད་སྐབས་ཡར་ཀླུང་གཙང་པོའི་ཐོག་གི་ཆུ་ཤུར་ཟམ་ཆེན་བརྒྱུད་ཞིང་གམ་བྷ་ལའི་རིར་འཛེགས་རྗེས་མིག་ལམ་དུ་འཆར་བ་ནི་མཛེས་སྡུག་ལྡན་པའི་ཡར་འབྲོག་གཡུ་མཚོའི་སྒེག་ཉམས་མངོན།

            4. ལྷ་ས -ལྷོ་ཁའི (རྩེད་ཐང་ལམ་ཐིག )

            ལྷོ་ཁ་ནི་བོད་མི་རིགས་ཀྱི་རིག་གནས་འབྱུང་ཁུངས་ཀྱི་ས་ཆ་ཞིག་ཡིན་པས་དེའི་ཁུལ་དུ་བོད་ཀྱི་དགོན་པ་དང་པོ་བསམ་ཡས་དགོན་དང། ལྷ་ཁང་ཨང་དང་པོ་ཁྲ་འབྲུག་དགོན། ཞིང་ས་ཨང་དང་པོ་ཟས་ཞིང་། ཕོ་བྲང་ཨང་དང་པོ་ཡུམ་བུ་བླ་མཁར།    ད་དུང་གྲ་ཐང་དགོན། སྲོང་བཙན་བང་སོ། ལྷ་མོའི་ལྷ་མཚོ། འབྲི་གུའི་རྩྭ་ཐང་སོགས་ལྟ་ན་སྡུག་པའི་མཛེས་ལྗོངས་ཁུལ་ཡོད།

            5. ལྷ་ས -ནག་ཆུ -གོར་མོའི་ལམ་ཐིག་ནི་མཚོ་བོད་གཞུང་ལམ་བརྒྱུདཀྱི་ལམ་ཐིག་ཞིག་ཡིན་པས་དེར་རྩྭ་ཐང་དང་གངས་ལྗོངས་ཀྱི་མཛེས་ལྗོངས་ཁུལ་གཙོ་བོ་བྱེད་པའི་ལམ་ཐིག་ཞིག་ཡིན།

            6. ལྷ་ས -ཉིང་ཁྲི -ལྷོ་ཁ -ལྷ་སའི་ལམ་ཐིག་ཐོག་གི “བོད་ཀྱི་མཛེས་ལྗོངས་ཁུལ ”ཞེས་པའི་མཚན་སྙན་ཡོད་ཅིང་དེར་མེ་ཏོག་རྫོང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་བྲག་གསུམ་མཚེའུའི་མི་རིགས་སྤྲོ་སྐྱིད་གྲོང་ཚོ་གནས་ཡོད། གཞན་ཡང་འཛམ་གླིང་ཐོག་གི་གྲོག་རོང་ཨང་དང་པོའི་མཚན་སྙན་ཐོབ་ཡོད་པའི་ཡང་ཀླུང་གཙང་པོའི་འབྲི་ཆུ་དང་རི་བོ་གནམ་ལྕགས་འབར་མའི་གྲོག་རོང་ཆེན་པོ་བཅས་ཡོད་ཅིང་དེར་ཧ་ཅང་གི་འགྲོ་དཀའ་བ་ཡོད་ཀྱང་གྲགས་ཅན་གྱི་ལྗོངས་རྒྱུའི་ཁུལ་ཞིག་དང་ཚན་རིག་གི་བལྟ་ཞིབ་བྱེད་པའི་གནས་ཡུལ་ཁུལ་ཞིག་ཀྱང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།