དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • ཆབ་མདོའི་ལམ་ཐིག་ངོ་སྤྲོད།

  •     སྤེལ་དུས།  2015-05-09

            ཁྲོན་བོད་བྱང་ལམ་དུ་རླངས་འཁོར་བཏང་ནས་ཉིན་བཅུ་གསུམ་གྱི་ཡུལ་སྐོར་བྱ་རྒྱུ།

           ཉིན་དང་པོར་ལྷ་ས་ནས་འདམ་གཞུང་བར་གྱི་ཡངས་པ་ཅན་ཚ་འོག་ཚ་ནུས་ཁུལ་དང་གནམ་མཚོའི་ཡུལ་ལྗོངས་ལ་བལྟ་བ།

           ཉིན་གཉིས་པར་འདམ་གཞུང་ནས་ནག་ཆུའི་བར་རྩྭ་ཐང་དང་ལམ་ཐིག་ཐོག་གི་གཉན་ཆེན་ཐང་གོ་ལ་ཡི་རི་བོའི་མཛེས་ལྗོངས་ལ་བལྟ་བ།

           ཉིན་གསུམ་པར་ནག་ཆུ་ནས་སྦྲ་ཆེན་བར་ནག་ཆུ་དང་ཆབ་མདོའི་གཞུང་ལམ་གྱི་བོད་བྱང་ཐང་སྟེང་གི་རྩྭ་ཐང་གི་མཛེས་ལྗོངས་དང་དགོན་པའི་མཛེས་ལྗོངས་ཁུལ་ལ་བལྟ་བ།

           ཉིན་བཞི་པར་སྦྲ་ཆེན་ནས་སྟེང་ཆེན་བར་ནག་ཆུ་དང་ཆབ་མདོའི་གཞུང་ལམ་གྱི་རྩྭ་ཐང་གི་མཛེས་ལྗོངས་དང་སྟེང་ཆེན་གྱི་ཡུལ་ལྗོངས་ཁུལ་ལ་བལྟ་བ།

           ཉིན་ལྔ་པར་སྟེང་ཆེན་ནས་ཆབ་མདོ་བར་གྱི་རྫ་ཆུའི་ཆུ་འགོའི་མཛེསལྗོངས་ཁུལ་དང་རི་བོ་ཆེའི་དགོན་པར་བལྟ་བ།

           ཉིན་དྲུག་པར་ཆབ་མདོའི་བྱམས་པ་གླིང་གི་དགོན་པ་དང་ཁ་རོག་གནའ་ཤུལ་དེ་མིན་གྲོང་ཁྱེར་ནང་ཁུལ་དུ་སྤྲོ་འཆམ་དང་དྲན་རྟེན་དངོས་པོ་ཉོ་བ།

           ཉིན་བདུན་པར་ཆབ་མདོ་ནས་སྡེ་དགེ་བར་གྱི་འདམ་མ་ལ་རི་དང་འབྲི་ཆུའི་གྲོག་རོང་། བོད་ཤར་ཁུལ་གྱི་ཡུལ་ལྗོངས་ལ་བལྟ་བ།

           ཉིན་བརྒྱད་པར་སྡེ་དགེ་ནས་མ་ཉི་ཀང་ག་བར་གྱི་པར་ཪྙིང་ཁང་དང་ལྷ་བྱ་རི་བོའི་ཡུལ་ལྗོངས་ཁུལ་ལ་བལྟ་བ།

           ཉིན་དགུ་པར་ཤིན་ལུའོ་ཧའེ་ནས་ཀན་ཙེ་བར་གྱི་དཔལ་གླིང་དགོན་པ་སོགས་ལ་བལྟ་བ།

           ཉིན་བཅུ་པར་ཀན་ཙེ་ནས་དར་ཙེ་དོ་བར་གྱི་མཐརཀོང་དགོན་དང་མཐར་ཀོང་རྩྭ་ཐང་། རྟ་རྒྱུག རི་བོ་བཅས་ལ་བལྟ་རྒྱུ།

           ཉིན་བཅུ་གཅིག་པར་དར་ཙེ་དོ་ནས་ཡ་ཨན་བར་གྱི་ལུའུ་ཏེང་ལྕགས་ཟམ་དང་ཨ་ལང་རི་བོའི་ཕུག་ལམ་སོགས་ལ་བལྟ་རྒྱུ།

           ཉིན་བཅུ་གཉིས་བར་ཡ་ཨན་པིས་ཧྥུང་གྲོག་རོང་ལ་བལྟ་རྒྱུ།

           ཉིན་བཅུ་གསུམ་བར་ཁྲེན་ཏུའུ་ལ་ཕྱིར་ལོག་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།