དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • ལྷོ་ ཁའི་ ཡུལ་ ལྗོངས་ ངོ་ སྤྲོད།

  • ཡོང་ཁུངས།  བོད་ ལྗོངས་ གནས་ སྐོར་ དྲ་ བ་ ལས།   |     སྤེལ་དུས།  2015-05-09

     

          ལྷོ་ཁ་ནི་གངས་ཏེ་སེ་དང་གཉེན་ཆེན་ཐང་ལྷའི་ལྷོ་ཕྱོགས་སུ་ཆགས་ཡོད་ལ། གནའ་ནས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་འགྲོགས་པ་ལས་བོད་མི་བྱུང་བའི་གཏམ་རྒྱུད་དེ་ལྷོ་ཁའི་ལྟེ་གནས་ཏེ་རྩེད་ཐང་གྲོང་རྡལ་ནས་བྱུང་བ་ཡིན།   རྩེད་ཐང་ཞེས་པ་ནི་སྤྲེའུ་རྩེད་ས་ཞེས་པའི་དོན་ཡིན། ལོ་ངོ་སྟོང་ཕྲག་རིང་མི་དམངས་ཀྱི་ངག་རྒྱུན་ལས་བརྒྱུད་ཡོང་བའི་གཏམ་རྒྱུད་འདི་དང་ཏ་ཨར་ཝུན་གྱི་དངོས་རིགས་འབྱུང་ཁུངས་གཉིས་ཕལ་ཆེར་འདྲའོ།།

    ལྷོ་ཁ་ན་གནའ་བོའི་མཁར་ཤུལ་མང་པོ་ཡོད་པ་དང་། ཆེས་སྔ་བའི་ཕོ་བྲང་དང། ཆེས་ཆེ་བའི་བང་སོ། ད་རུང་ལོ་ངོ་ཆེས་རིང་བའི་གནའ་བའི་དགོན་ཪྙིང་སོགས་མང་པོ་མཐོང་རྒྱུ་ཡོད།  བྲག་རི་དང་དགོན་པ་སོགས་བལྟས་ན་ཡ་མཚར་རྒྱུ་མེད་ནའང་དུས་ཡུན་རིང་བའི་ལོ་རྒྱུས་མཚོན་པའི་མེ་ལོང་ལྟ་བུ་ཡིན་པསབོད་ལྗོངས་སྤྱི་ཚོགས་རིག་གནས་ཁྲོད་དུ་གཞན་གྱི་ཚབ་བྱེད་མི་ཐུབ་པའི་གོ་གནས་ལྡན།   མདོར་ན་ལྷོ་ཁ་ནི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་ཆེས་མང་བའི་ས་ཁུལ་ཞིག་ཡིན་ལ་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ཀྱང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།