དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྔ་གཅིག་རིང་སི་ཁྲོན་རྔ་པའི་ལིས་རྫོང་དུ་ཡུལ་སྐོར་ཡོང་མཁན་ཁྲི་བདུན་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-08

    སི་ཁྲོན་གྱི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་5ཚེས་4ཉིན་གསར་འགོད་པས་སི་ཁྲོན་རྔ་པ་ལིས་རྫོང་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་འགོའི་དྲིལ་བསྒྲགས་བྲིན་ཚོང་བྱས་པ་བརྒྱུད་ལིས་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཀྱི་ཡིད་དབང་འགུགས་ཤུགས་ཆེ་རུ་སོང་བ་དང་ལྷག་པར་དུ་ཁྲུང་ཆིང་དང་ཁྲེང་ཏུའུ་གཉིས་སུ“མིང་ཅང་གཙང་པོའི་ལུང་ཤུར་གང་ས་རུ། སེའུ་དམར་བཞད་ནས་ཀུན་ལ་སྤྲོ་སྣང་སྦྱིན”ཞེས་པའི་བརྗོད་བྱ་གཙོ་བོའི་འོས་སྦྱོར་འདུ་ཚོགས་གཉེར་བར་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

    ལྔ་གཅིག་རིང་ལིས་རྫོང་གི་མཛེས་ལྗོངས་ཁུལ་ཁག་ཏུ་མིས་ཁེངས་ནས་རང་བྱུང་ཁམས་ཀྱི་མཛེས་པའི་རི་ཆུ་དང་བོད་དང་ཆའང་རིགས་ཀྱི་ཐུན་མིན་དམངས་སྲོལ་གྱིས་ཡུལ་སྐོར་བའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་སྟེ“སེའུ་དམར་འཐུ་བ”དང་། “ཞིང་ཁྱིམ་མྱོང་ཚོར” “ཡུལ་ལྗོངས་ལ་ལྟ་བ”སོགས་ལུས་སེམས་ལ་སྤྲོ་སྣང་སྦྱིན་པའི་ཡུལ་སྐོར་རྣམ་གྲངས་ལ་ཀུན་གྱི་དགའ་བསུ་ཐོབ་ཡོད།

    ལྔ་གཅིག་ངལ་གསོའི་ཉིན་གསུམ་རིང་ལིས་རྫོང་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་78863ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་33.1%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5520.5ཟིན་པ་དེ་དུས་མཚུངས་ལས་33%མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།