དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ས་ཡོམ་གེགས་ཁུལ་སྐྱིད་གྲོང་རྫོང་གི་རི་ཉིལ་ཚབས་ཆེན་ཁུལ་དུ་རླངས་འཁོར་གནས་སྐབས་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-07

    ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་སྐྱིད་གྲོང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། སྐྱིད་གྲོང་གྲོང་རྡལ་ནས་འགག་སྒོ་བར་སྐྱོད་སའི་རི་ཉིལ་བའི་རྦབ་རྡོ་ཆེན་པོ་ཏུན་80ལྷག་ཙམ་ཡོད་པ་དེ་ཚེས་4ཉིན་གཙང་བཟོ་བྱས་པ་དང་བསྟུན་ནས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་བཞི་པས་སྐམ་ལམ་བརྒྱུད་སྐྱིད་གྲོང་འགག་སྒོར་སྐྱོད་སའི“ཚེ་སྲོག་བགྲོད་ལམ”སྐྲུན་པའི་ལས་དོན་སྔར་ལས་སྤེལ་མགྱོགས་སུ་ཕྱིན་ནས་ལམ་དུམ་བུ་དེར་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།

    ཚོད་རྩིས་ལྟར་ན་གཙང་བཟོ་བྱེད་དགོས་པའི་ས་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་20ཡོད་པ་རེད། རི་ཉིལ་ཁུལ་དེ་ས་མཐོའི་གྲོག་རོང་ཁུལ་དུ་གནས་པས་འཕྲུལ་ཆས་ཆེ་རིགས་གཏོང་སའི་ས་ཁྱོན་ཆེན་པོ་རྙེད་དཀའ་སྟབས་གཞུང་ལམ་མྱུར་བཟོའི་ལས་དོན་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

    དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་བཞི་པས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གྲོས་མོལ་གཏན་འཁེལ་བྱས་པའི་ཇུས་གཞི་གཞིར་བཟུང“མི་ངལ་གསོ་བརྒྱབ་རུང་འཕྲུལ་ཆས་ལས་མཚམས་མི་འཇོག་པར”ཉིན་མཚན་བལྟོས་མེད་འབད་འཐབ་བྱས་ཡོད་པ་རེད། ཚེས་4ཉིན་བར་གཞུང་ལམ་མྱུར་བཟོ་ཁུལ་གྱི་མྱུར་བཟོའི་འཕྲུལ་ཆས་ཆེ་རིགས་20ཡིས་ས་རྡོ་རྒྱ་དཔངས་གྲུ་བཞི་མ་ཁྲི་11ལྷག་ཙམ་སྔོག་འདོན་བྱས་པས་ལམ་དུམ་བུ་དེར་འཁོར་རིགས་ཤར་གཏོང་སྤྱིར་ན་ཐུབ་ཡོད་པ་རེད།

    མིག་སྔར་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེས་རི་ཉིལ་གནས་ཚུལ་ཚབས་ཆེན་ཐོན་ཁུལ་དུ་གཟར་ཚད་སྔར་བས་དམའ་རུ་གཏོང་བཞིན་ཡོད་པ་དང་འབྲེལ་ས་རྐོའི་འཕྲུལ་འཁོར་ཆེ་གྲས་3ཡོད་པའི་མི་བཅུ་ལས་གྲུབ་པའི་གཞུང་ལམ་མྱུར་བཟོའི་ཡན་ལག་རུ་ཁག་གཅིག་མངགས་ཏེ་རི་ཉིལ་ཁུལ་དུ་གཞུང་ལམ་མྱུར་བཟོ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།