དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དར་རྩེ་མདོ་ནས་ཤིས་ཨན་བར་མཁའ་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-04

    ཉེ་ཆར་སི་ཁྲོན་དཀར་མཛེས་བོད་རིགས་ས་ཁུལ་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཤིས་ཨན་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་འདི་ལོའི་ཟླ་5པའི་ཟླ་མཇུག་ཏུ་སི་ཁྲོན་མཁའ་འགྲུལ་ཀུང་སིས་ཤིས་ཨན་ནས་འདབ་པ་ཉི་བརྟེན་དང་དར་རྩེ་མདོ་བར་གྱི་མཁའ་ལམ་གཏོད་རྒྱུ་ཡིན་པ་བརྗོད་ཡོད།

    འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡུལ་སྐོར་ཅུས་ཀྱི་འགན་ཁུར་མི་སྣས། དཀར་མཛེས་སུ་ཚང་མས་རྒྱུས་མངའ་ཆེ་བའི་མཛའ་གླུའི་ཕ་ཡུལ་དར་རྩེ་མདོ་དང་། བྲག་རྡོ་དམར་པོའི་ལུང་ཤུར། གངས་དཀར་རི་བོ། འདབ་པ་ཉི་བརྟེན་བཅས་དང་དཀར་མཛེས་ཀྲོའུ་བྱང་རྒྱུད་ཀྱི་སྡེ་དགེ་པར་ཁང་དང་གེ་སར་གྱི་ཕ་ཡུལ་བཅས་ཀྱི་ཡུལ་ལྗོངས་ཡོད་པ་མ་ཟད། ཚང་མས་ད་དུང་གདོད་མའི་སྣོད་བཅུད་ཀྱི་རང་བྱུང་མཛེས་ལྗོངས་དང་ཐུན་མིན་གྱི་ཁམས་པའི་བོད་རིགས་རིག་གནས་ཀྱང་མྱོང་རོལ་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཟླ་བརྒྱད་པར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཤིས་ཨན་ནས་འདབ་པ་ཉི་བརྟེན་བར་གྱི་མཁའ་ལམ་བཏོད་རྗེས་འདི་ལོའི་ཟླ་5པའི་ཟླ་སྨད་དུ་སི་ཁྲོན་མཁའ་འགྲུལ་ཀུང་སིས་ཤིས་ཨན་ནས་འདབ་པ་ཉི་བརྟེན་དང་དར་རྩེ་མདོ་བར་གྱི་མཁའ་ལམ་བཏོད་དེ་ཤིས་ཨན་ནས་སི་ཁྲོན་དཀར་མཛེས་བོད་རིགས་ས་ཁུལ་དུ་སྐྱོད་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཤིས་ཨན་ནས་དཀར་མཛེས་སུ་སྐྱོད་མཁན་ཡུལ་སྐོར་བ་མང་ཆེ་བ་ནི་རང་འཁོར་བཏང་ནས་སྐྱོད་མཁན་ཤ་སྟག་ཡིན་པ་དང་། ཟླ་བ་རྗེས་མར་མཁའ་ལམ་གཉིས་ཤར་བགྲོད་ཐུབ་རྗེས་ཤིས་ཨན་གྱི་གྲོང་མི་དཀར་མཛེས་བོད་རིགས་ས་ཁུལ་ལ་ཡུལ་སྐོར་དུ་བསྐྱོད་པའི་གདམ་ག་མང་དུ་འགྲོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།