དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གཉའ་ལམ་རྫོང་ཁོངས་ནང་གི་ཀྲུང་ནེའི་རྒྱལ་སྤྱིའི་འགག་རྩའི་བགྲོད་ལམ་ཚང་མ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-04

    ཟླ་5ཚེས་1ཉིན་གྱི་ཆུ་ཚོད་13དང་སྐར་མ་36ཐོག་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་པ་ཧྥང་དབྱང་གིས་མཐའ་མའི་རྡོ་ཆེན་དེ་གྲོག་རོང་དུ་དབྱུགས་པ་དང་སྦྲགས་ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་འགྲིམ་འགྲུལ་ཆད་པའི་གཞུང་ལམ་དེ་སླར་ཡང་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཉིན་དྲུག་འགྲིམ་འགྲུལ་ཆད་པའི་བོད་ལྗོངས་གཉའ་ལམ་རྫོང་ཁོངས་ནང་གི་སྤྱི་ལེ་45ཡོད་པའི་ཀྲུང་ནེའི་རྒྱལ་སྤྱིའི་འགག་རྩའི་བགྲོད་ལམ་དེ་ཚང་མ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།

    ནེ་པ་ལའི་ས་ཡོམ་རིམ་པ་8.1བརྒྱབ་རྗེས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་བཀོད་འདོམས་པུའུ་ཡིས་དམག་མི་སྒྲིག་འཛུགས་བྱས་ནས་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་པ་རེད། འགྲམ་གྲོང་རྡལ་དུ་བཅའ་སྡོད་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་རུ་འབྲིང་བཅུ་པའི་དཔོན་དམག་གིས་རང་ཉིད་ལའང་གནོད་འཚེ་ཚབས་ཆེན་ཕོག་པའི་གནས་ཚུལ་འོག་འཕྲལ་མར་དམག་འཐབ་ནང་ཞུགས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་འཚོལ་སྐྱོབ་དང་གནས་སྤོ་བྱེད་རོགས་བྱས་ནས་ཚེས་25ཉིན་གྱི་ས་ཡོམ་བརྒྱབ་པའི་ཉིན་མོའི་ཕྱི་དྲོ་ཁོ་ནར་སྒར་ཁུལ་གྱི་རྒྱ་ཆེ་བའི་ས་ཆར་མང་ཚོགས་216བཀོད་སྒྲིག་བྱས་པ་རེད། ཚེས་27ཉིན་གྱི་ཆུ་ཚོད་17ཐོག་གཉའ་ལམ་རྫོང་གྲོང་ནས་འགྲམ་གྲོང་རྡལ་བར་སྐྱོད་པའི་འགག་རྩའི་ལམ་དུམ་བུ་དང་པོ—707ཟམ་ཆེན་ནས་མཛའ་གྲོགས་ཕུག་ལམ་གྲུབ་འབྲས་ཐོབ་པའི་ངང་ཤར་གཏོང་ཐུབ་པ་དང་། ཚེས་28ཉིན་དཔོན་དམག་ཚོས་ཆར་པར་མི་འཛེམས་པར་མདུན་སྐྱོད་བྱས་ཏེ་འགྲམ་གྲོང་རྡལ་གྱི“ཁེར་ཆགས་གླིང་ཕྲན”དུ་གྱུར་པའི་གནས་ཚུལ་མཇུག་འགྲིལ་བ། ཚེས་29ཉིན་འགྲམ་གྲོང་རྡལ་ནས་ཀྲུང་ནེའི་མཛའ་གྲོགས་ཟམ་པའི་ལམ་དུམ་བུ་སྤྱི་ལེ་3ཤར་གཏོང་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་མང་ཚོགས་དང་ཡུལ་སྐོར་བ་བརྒྱ་ཕྲག་ཁ་ཤས་བདེ་བླག་ངང་ཕ་ཡུལ་དུ་ལོག་ཐུབ་པ་བྱུང་བ། ཟླ་5ཚེས་1ཉིན་གྱི་ཆུ་ཚོད་13དང་སྐར་མ་36ཐོག་གཉའ་ལམ་རྫོང་ཁོངས་ནང་གི་སྤྱི་ལེ་45ཡི་ཀྲུང་ནེའི་རྒྱལ་སྤྱིའི་འགག་རྩའི་ལམ་བུ་ཚང་མ་ཤར་གཏོང་ཐུབ་པ་བཅས་རེད།

    བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། ཉིན་ཤས་བསྟུད་མར་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེས་ཁྱོན་དམག་ཤུགས་མི་ཐེངས་700ལྷག་ཙམ་དང་། འཕྲུལ་ཆས་ལན་གྲངས་200ལྷག་ཙམ། ཉིལ་བའི་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་16.5གཙང་སེལ། ལམ་བུ་སྤྱི་ལེ་45ཤར་གཏོང་། མང་ཚོགས་800ལྷག་ཙམ་གནས་སྤོས་བཀོད་སྒྲིག་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།