དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གངས་དཀར་རི་བོའི་གནས་མཇལ་བ་ཇེ་མང་བྱུང་བས་སྨན་པ་དང་དང་བླངས་ཞབས་ཞུ་བ་དགོས་མཁོ་ཆེན་པོ་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   |     སྤེལ་དུས།  2015-04-30

     ཁ་བ་དཀར་པོར་དུས་རྒྱུན་དུ་ས་ཁུལ་སོ་སོ་ནས་ཡོང་བའི་ཡུལ་བ་མང་བ་དང་། གནས་རི་དེར་གནས་སྐོར་བྱ་རྒྱུ་ནི་ཡུལ་སྐོར་བ་མང་པོ་ཞིག་གི་གོམས་སྲོལ་ཞིག་ཏུ་ཆགས་ཡོད། ཆ་ཚང་མིན་པའི་བསྡོམས་རྩིས་བྱས་པ་ལྟར་ན། ལོ་རེ་རེར་འཇོལ་རྫོང་གི་ཁ་བ་དཀར་པོར་གནས་སྐོར་བྱེད་མཁན་མི་གྲངས་ཁྲི་གཉིས་ཡན་ཡོད་ལ། གྲངས་ཀ་དེ་ནི་ལོ་རེ་བཞིན་གོང་འཕར་འགྲོ་བཞིན་ཡོད། དེའི་སྟབས་ཀྱིས་སྤྱི་ལེ ༣༠༠ ཡོད་པའི་ཁ་བ་དཀར་པོའི་གནས་སྐོར་ལམ་རྒྱུད་དུ་སྐོར་སྐྱོད་སྨན་བཅོས་རུ་ཁག་དང་གད་སྙིགས་གཙང་སྤྲ་བཟོ་མཁན་གྱི་དང་བླངས་པ་སྐོར་ཞིག་བཀོད་སྒྲིག་བྱ་རྒྱུ་ནི་ས་གནས་དེ་གའི་སྲིད་གཞུང་དང་ཡུལ་སྐོར་སྡེ་ཁག་གིས་ངེས་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

      ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ལྷ་མོས་ངོ་སྤྲོད་བྱ་རྒྱུར། སྔོན་ཆད་ཁ་བ་དཀར་པོར་ཕྱི་སྐོར་ཐེངས་གཅིག་བྱེད་པར་ཉི་མ ༡༢ ནས ༡༥ བར་གྱི་དུས་ཡུན་འགོར། འོན་ཀྱང་ད་ལྟ་བོད་ལྗོངས་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་གི་མཐའ་ཁུལ་གྲོང་སྡེ་འགའ་རེས་ཕྱི་སྐོར་ལམ་བར་ནས་འཕྲུལ་རྟའི་ཐོག་ཡུལ་སྐོར་བ་སྐྱེལ་བའི་ཚོང་ལས་གཉེར་རྗེས་དུས་ཡུན་ཇེ་ཐུང་བྱུང་ཡོད། འཕྲུལ་རྟ་སྐྱོད་སའི་ལམ་རྒྱུད་ནི་ཉེན་ཁ་ཆེ་བ་དང་། བདེ་འཇགས་ཚད་ཧ་ཅང་དམའ་བ་མ་ཟད། རིན་གོང་ཡང་མཐོ་བ་རེད། དུས་ཡུན་ཉི་མ ༧ གྲོན་ཆུང་བྱེད་ཐུབ་ཀྱང་། འགྲིམ་འགྲུལ་འགྲོ་སོང་ཐད་ཁོ་ནར་སྒོར ༨༠༠ ནས ༡༠༠༠ ཡན་བཀོལ་སྤྱོད་བྱེད་དགོས། གངས་དཀར་རི་བོའི་ཕྱི་སྐོར་ལམ་རྒྱུད་ཀྱི་ས་གནས་མང་པོ་ནི་མི་མེད་ས་སྟོང་ཡིན་ལ། གྲོང་ཚོ་ཆུང་ཆུང་རེ་ཡོད་ནའང་ཁྱིམ་ཁག ༡༠ ནས ༢༠ ཡས་མས་ཙམ་ལས་མེད་པས། སྡོད་གནས་དང་བཟའ་བཏུང་། འཕྲོད་བསྟེན་སོགས་ཀྱི་ཐད་ནས་ཆ་རྐྱེན་ཧ་ཅང་ཞན། ཡུལ་སྐོར་བ་མང་པོ་ཞིག་གིས་ལམ་ཆས་ཡོད་ཚད་རང་ཉིད་ཀྱིས་མི་འཁྱེར་ཐབས་མེད་ཡིན་པ་རེད། ལམ་བར་དུ་སྡོད་གནས་དང་ཚོང་ཁང་སོགས་མེད་པ་མ་ཟད། ལྷག་པར་དུ་སྨན་བཅོས་ཞབས་ཞུ་ནི་ས་གནས་དེ་གའི་སྲིད་གཞུང་གིས་ངེས་པར་ཐག་གཅོད་དགོས་པའི་གནད་དོན་ཞིག་ཏུ་ལྷག་ཡོད།

     བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གངས་དཀར་རི་བོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་པདྨ་མཁའ་འགྲོས། ཉེ་བའི་ལོ་འགའི་རིང་དུ། གངས་དཀར་རི་བོར་གནས་སྐོར་དང་ལྗོངས་རྒྱུར་ཡོང་བའི་མི་གྲངས་ལོ་རེར་ཁྲི་གཉིས་ཡན་བརྒལ་ཡོད་ལ། གངས་དཀར་རི་བོའི་ཕྱི་སྐོར་ལམ་རྒྱུད་དུ་བོད་ལྗོངས་དང་ཡུན་ནན་ཞིང་ལྗོངས་གཉིས་ཀྱི་ས་ཁུལ་གསུམ་འདུས་ཡོད། ས་གནས་དེའི་ཡུལ་སྐོར་ལས་དོན་གྱི་འགན་གཙོ་བོ་ཁུར་མཁན་བདེ་ཆེན་ཁུལ་གངས་དཀར་རི་བོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས། ད་ལོ་ནས་བཟུང་མི་སྣ་སྐོར་ཞིག་ཡུལ་སྐོར་ལམ་ཐིག་གི་ས་ཚུགས་སོ་སོར་མངག་གཏོང་བྱས་ཏེ་དོ་དམ་ཞབས་ཞུའི་ལས་འགན་ཁུར་ནས། ཡུལ་སྐོར་བ་ཚོས་ལམ་བར་དུ་མེ་སྒྲོན་ནས་ཟ་མ་གཡོ་སྐོལ་བྱེད་དུ་མ་བཅག་པར། ནགས་ཚལ་ལ་མེ་སྐྱོན་བཟོ་བ་སྔོན་འགོག་བྱེད་བཞིན་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་བ་ཚོར་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

      གངས་དཀར་རི་བོའི་ཕྱི་སྐོར་ལམ་ཐིག་རིང་དྲག་པས། མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་སྤྱི་ཚོགས་རིམ་པ་སོ་སོས་གསོ་རིག་ཤེས་བྱ་ལ་མཁས་ཤིང་སྨན་བཅོས་ཉམས་མྱོང་ཅན་གྱི་སྨན་པ་དང་ནད་གཡོག་པ ༥༠ མངག་གཏོང་བྱས་ཏེ། ལོ་གཉིས་རིང་གངས་དཀར་རི་བོའི་འདབས་ནས་དང་བླངས་ཞབས་ཞུ་སྒྲུབ་པར་སྐུལ་སློང་བྱེད་བཞིན་ཡོད། དུས་མཚུངས་སུ་རྒྱལ་ཕྱི་ནང་གི་འབྲེལ་ཡོད་ཁེ་ལས་ཀྱིས་གངས་དཀར་རི་བོའི་སྨན་བཅོས་ཞབས་ཞུ་ཐད་ལ་སྨན་རྫས་དང་མ་དངུལ་སོགས་ཀྱི་རོགས་སྐྱོར་མཁོ་འདོན་བྱེད་ཐུབ་པའི་རེ་བ་ཞུས་ཡོད། གལ་སྲིད་རོགས་སྐྱོར་བྱེད་མཁན་ཡོད་ན་གཤམ་གྱི་མི་གཉིས་ལ་འབྲེལ་བ་བྱས་ཆོག འབྲེལ་གཏུག་མི་སྣ། བདེ་ཆེན་ཁུལ་གངས་དཀར་རི་བོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་པདྨ་མཁའ་འགྲོ། ཁ་པར་ཨང་གྲངས།  13988789097གཞུང་ལས་ཁང་གི་ཀྲུའུ་ཀྲིན་ལི་ཆིང་། ཁ་པར་ཨང་གྲངས། 13988764838

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།