གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་དྲ་བ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ་4ཚེས་26གྱི་ཆུ་ཚོད་22བར། ས་ཡོམ་གྱིས་བཟོས་པའི་རྒྱལ་ལམ་318ཀྱི་གཉའ་ལམ་ནས་དིང་རི་བར་གྱི་གཞུང་ལམ་དུམ་བུའི་ཐོག་འགག་པའི་རི་རྡོར་འབར་གཏོར་ཐེངས་ལྔ་བྱས་པ་བརྒྱུད་མྱུར་བཟོ་ཤར་གཏོང་ཐུབ་པ་དང་། མིག་སྔར་རྒྱུན་གཏན་ལྟར་ཤར་བགྲོད་ཐུབ་ཀྱི་ཡོད་པ་རེད།
གཉའ་ལམ་རྫོང་གྲོང་ནས་འགྲམ་གྲོང་རྡལ་བར་གྱི་གཞུང་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། ད་ཆ་སྤྱི་ལེ་11མྱུར་བཟོ་ཐུབ་པ་དང་། དེ་འཕྲོས་ཀྱི་ལམ་བུ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་བཞིན་ཡོད། རྒྱལ་ལམ་216གི་སྐྱིད་གྲོང་རྫོང་གྲོང་ནས་སྐྱིད་གྲོང་གྲོང་རྡལ་བར་གྱི་གནོད་སྐྱོན་ཕོག་པའི་གཞུང་ལམ་མྱུར་བཟོ་ཐུབ་ཡོད། སྐྱིད་གྲོང་གྲོང་རྡལ་ནས་ར་སོག་ཟམ་ཆེན་བར་གྱི་སྤྱི་ལེ་28ཀྱི་རི་ཉིལ་ཁུལ་དུ་ཆུ་འཁྱིལ་ནས་མིག་སྔར་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱས་ཡོད། རྒྱལ་ལམ་219རྒྱུན་གཏན་ལྟར་ཤར་གཏོང་ཐུབ་པ་དང་། གཞུང་ལམ་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་ཐོན་མེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བོད་རང་སྐྱོང་ལྗོངས་ཀྱིས་མྱུར་བཟོ་ཤར་བགྲོད་འགན་ལེན་བྱེད་པའི་འཐབ་ས་དང་པོའི་ལས་དོན་ལ་ཁྲིད་སྟོན་བྱེད་མཁན་བཏང་ཡོད། ནོར་སྲིད་པུས་མོས་མཐུན་བྱས་པ་བརྒྱུད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བོད་རང་སྐྱོང་ལྗོངས་ལ་ཛ་དྲག་ངང་སྒོར་ཁྲི་1000གི་གཞུང་ལམ་འཕྲལ་སྡོམ་ཉེན་སེལ་དང་ཤར་བགྲོད་འགན་ལེན་གྱི་མ་དངུལ་གཤམ་སྤྲོད་བྱས་ཡོད།