དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་ཤུལ་གྱིས་རང་སྟོབས་ནུས་པ་ཆེ་རུ་བཏང་ནས་ཡུལ་སྐོར་སླར་ཡང་དར་བར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-27

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཡུལ་ཤུལ་ཀྲོའུ་ཨུད་དང་། ཀྲོའུ་སྲིད་གཞུང་། དེ་བཞིན་ཡུལ་ཤུལ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ”འཚོགས་ཤིང་། 2015ལོར་ཡུལ་ཤུལ་ཀྲོའུ་ཡིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་འགོ་བཙུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཡུལ་ཤུལ་གྱིས“མཐོ་རིམ་ཇུས་འགོད”ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། ཀྲོའུ་དེས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་ཡོང་བ་བྱས་ནས་ཕྱིས་འབྱུང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་རྒྱུའི་སྤྱིའི་བསམ་ཕྱོགས་དང་སྤྱི་ཡོངས་ཀྱི་དམིགས་ཡུལ་གཏན་ལ་འབབ་རྒྱུ་མ་ཟད། མཛུབ་ཁྲིད་ལྡན་པའི་ཡིག་ཆས་ཁྲིད་སྟོན་བྱེད་པའི་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་མཐུན་རྐྱེན་ཧུར་ཐག་གཏོད་པའི་སྒོ་ནས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད།

    2015ལོར་ཡུལ་ཤུལ་གྱིས“བྲིན་ཚོང་དྲིལ་བསྒྲགས”བྱ་རྒྱུ་འགྲུལ་ཁུངས་ཁྲོམ་རར་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། “འགྲུལ་ཁུངས་མང་སར”ཡུལ་ཤུལ་ལ་ཡུལ་སྐོར་དུ་སྐྱོད་པ་དང་ཡུལ་སྐོར་གྱི་ཐོན་ཁུངས་འོས་སྦྱོར་བྱས་ནས་ཡུལ་སྐོར་ཁེ་ལས་དང་ངོ་འཕྲད་གྲོས་མོལ་བྱེད་པ་དང་། མཉམ་ལས་གན་རྒྱ་འཇོག་པ། འགྲུལ་ཁུངས་མང་སར་ཡུལ་ཤུལ་གྱིས་གླུ་ལེན་གར་འཁྲབ་བྱེད་པ། ཡུལ་ཤུལ་གྱི་ཡུལ་ཟོག་འཚོང་བ་སོགས་བརྒྱུད“གྲོང་ཁྱེར་གྱིས་བྲིན་ཚོང་དྲིལ་བསྒྲགས་བྱེད་པའི”ལམ་བུར་བསྐྱོད་དེ་སྨྱན་སྦྱོར་དང་མཉམ་ལས་བྱས་ཏེ་བྲིན་ཚོང་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ས་ཚིགས་སུ་ཡུལ་ཤུལ་གྱི་རྣམ་པ་བཀོད་པའི་བརྡ་ཁྱབ་སྦྱར་ཏེ་མཐོང་སྣང་བརྡ་ཁྱབ་ཐོག་ནས་བྲིན་ཚོང་དྲིལ་བསྒྲགས་ཀྱིས་ཡུལ་ཤུལ་ཡུལ་སྐོར་བྱ་ཡུལ་དུ་འོས་སྦྱོར་བྱེད་པ་དང་། ཡུལ་ཤུལ་དུ་ཡུལ་སྐོར་བྱེད་པའི་མིང་གྲགས་ཆོད་ཚད་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། བྲིན་ཚོང་དྲིལ་བསྒྲགས་བྱེད་པའི་རྣམ་པ་བཟང་པོ་བཅས་ཆགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    ཡུལ་ཤུལ་ཀྲོའུ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། ཀྲོའུ་དེས“ནང་སྟོབས”ལ་བརྟེན་ནས་ཡུལ་ཤུལ་ལ་ཡུལ་སྐོར་བྱེད་པའི་དོན་སྙིང་ཆེ་རུ་བཏང་སྟེ་དུས་ཆེན་རིང་མི་ཚོགས་འཁོར་མང་དུ་དང་ཚོང་འཁྲུག་ཏུ་གཏོང་རྒྱུ་སྟེ། ཟླ་དྲུག་པ་ནས་དགུ་པ་བར་གྱི་ཡུལ་སྐོར་བ་མང་བའི་ཉིན་120ནང་ཟླ་རེར་དུས་ཆེན་དང་། ལོ་ཧྲིལ་པོའི་ཟླ་རེར་བརྗོད་དོན་གཙོ་བོའི་དུས་ཆེན། ཡུལ་ཤུལ་ཀྲོའུ་ཡི་གྲོང་ཁྱེར་དང་རྫོང་ཁག་ཚང་མར་དམིགས་བསལ་ཁྱད་ཆོས་ལྡན་པའི་དུས་ཆེན་རེ་ཡོད་པའི་བྱེད་སྒོ་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།