དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་ལུག་ལོར་གནས་ཆེན་ཁ་བ་དཀར་པོ་སྐོར་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་གསལ་བརྡ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-22

    ལུགས་རྙིང་ལོའི་2015ལོ་ནི་ལུག་ལོ་ཡིན་ལ། བོད་རིགས་ས་ཁུལ་དུ་སྐད་གྲགས་ཡོད་པའི་གནས་རི་ཁ་བ་དཀར་པོ་སྐོར་བའི་ལོ་ཞིག་ཀྱང་ཡིན། ཉེ་ཆར་བདེ་ཆེན་འགྲིམ་འགྲུལ་ཉེན་རྟོག་པས་ལུག་ལོའི་གནས་ཆེན་ཁ་བ་དཀར་པོའི་རི་སྐོར་གྱི་འགྲིམ་འགྲུལ་བདེ་འཇགས་གསལ་བརྡ་ཁྱབ་བསྒྲགས་བྱས་ཏེ་ཡུལ་སྐོར་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྒྲིག་སྲོལ་ལ་ནན་ཏན་ངང་བརྩི་སྲུང་ཞུས་ནས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་དགོས་པའི་དྲན་སྐུལ་བྱས་པ་རེད།

    གནས་རི་ཁ་བ་དཀར་པོ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནང་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གནས་མཆོག་ཞིག་ཡིན་ཁར་བོད་རིགས་ས་ཁུལ་གྱི་གནས་རི་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཞིག་ཀྱང་ཡིན། ལོ་ལྟར་ལུག་ལོར་ཡུན་ནན་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ནས་ཡོང་བའི་གནས་མཇལ་བ་དང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་ཅིང་། 2015ལོར་སྔོན་དཔག་བྱས་ན་མི་ཁྲི་100ལས་བརྒལ་བཟོ་ཡོད་པ་རེད།

    ལུག་ལོར་གནས་ཆེན་ཁ་བ་དཀར་པོ་མཇལ་མཁན་གྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཆེད། བདེ་ཆེན་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་ལྷག་པར་དུ་བདེ་ཆེན་འགྲིམ་འགྲུལ་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ཉེན་རྟོག་སྒྲིག་འཛུགས་གང་ལེགས་བྱས་ཏེ་ཉིན་ལྟར་ཆུ་ཚོད་24རི་སྐོར་གྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་ཅིང་། བདེ་ཆེན་འགྲིམ་འགྲུལ་ཉེན་རྟོག་པས་གཞུང་ལམ་ཁག་གི་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ས་ཚིགས་སུ་འཁོར་རིགས་ལ་ཞིབ་བཤེར་དང་། དྲིལ་བསྒྲགས་ཡིག་ཆ་སྤྲོད་པ། གསར་འགྱུར་སྨྱན་སྦྱོར་དང་། དྲ་རྒྱ། དཔོད་འཕྲིན་སྤྱོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བདེ་ཆེན་དུ་འགྲོ་འོང་བྱེད་མཁན་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་སྲུང་བརྩི་ཞུས་ནས་ཚེ་སྲོག་ལ་གཅེས་སྤྲས་དང་བདེ་འཇགས་དང་ཤེས་དཔལ་ངང་འགྲོ་འོང་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།