
མི་དམངས་དྲ་བའི་འཕྲིན། འདིའི་ལོར་དར་གོས་འགྲུལ་ལམ་གྱི་གྲོང་རྡལ་གལ་ཆེན་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དུ་ཡོད་པའི་ལང་ཀྲོའུ་མཆོད་རྟེན་དཀར་པོར་ཕྱོགས་ཡོངས་ནས་ཉམས་གསོ་བྱེད་རྒྱུ་ཡིན་ཞིང་། འདི་ནི་ད་ལྟའི་བར་ལོ་ངོ་750ལྷག་གི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་འདིར་ལོ་རྒྱུས་ཐོག་གི་སྲུང་སྐྱོང་གཞི་རྒྱུ་ཆེ་ཤོས་བྱེད་རྒྱུའི་ལས་གྲྭ་ཞིག་རེད།