དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཛེས་ལྗོངས་དགའ་ཚལ།

  •     སྤེལ་དུས།  2015-04-21

    164347_yis_1429502119256.jpg

    དེང་དུས་ནི་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་མེ་ཏོག་པད་མ་བཞད་པའི་དུས་སྐབས་ཡིན་པས་གྲོང་ཁྱེར་ནང་གི་མེ་ཏོག་པད་མའི་ལྡུམ་རའི་ནང་ཡུལ་སྐོར་བ་མང་པོ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་4ཚེས་11ཉིན་ཁོ་ནར་ལུའོ་དབྱང་གྲོང་ཁྱེར་དུ་མེ་ཏོག་ལ་ལྟ་བ་དང་ཡུལ་སྐོར་བྱེད་པར་ཡོང་མཁན་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བ་མི་ཐེངས་ཁྲི་51ལྷག་ཙམ་ཟིན་ཞིང་། འདི་ནི་ཡུལ་སྐོར་བས་ལུའོ་དབྱང་སུའེ་ཐང་གྲོང་གི་གནའ་ཤུལ་རྩི་ཤིང་ལྡུམ་རའི་ནང་རྩེད་མོ་རྩེ་བའི་གནས་ཚུལ་ཡིན་པ།

    164348_yis_1429502119490.jpg

    དབྱི་མོང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་གནས་པའི་ཧྲན་ཏུང་ཞིང་ཆེན་མོང་དབྱིང་རྫོང་གིས་སྣོད་བཅུད་ཁོར་ཡུག་མ་ལག་ལ་བརྟེན་ནས་སྣོད་བཅུད་ཐོན་ལས་མ་ལག་སྐྲུན་ཞིང་། འདི་ནི་མོང་དབྱིང་རྫོང་ཅུ་ཀྲེ་ཤང་ཤིང་ཧྲན་ཙེ་གྲོང་ཚོར་བཞད་པའི་ཁམ་བུའི་མེ་ཏོག་ཡིན་པ།

    164349_yis_1429502119724.jpg

    ཝ་ཧྲིང་ཐོན་གྱི་གཙང་འགྲམ་དུ་བཞད་པའི་མེ་ཏོག་དབྱིན་ཧྭ་ཡིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། འདི་ནི་ཡུལ་སྐོར་བས་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་པོ་ཐོ་མ་ཁའི་གཙང་འགྲམ་དུ་མེ་ཏོག་དབྱིན་ཧྭ་ལ་ལྟ་བའི་གནས་ཚུལ་ཡིན་པ།

    164350_yis_1429502119958.jpg

    འདི་ནི་ཉེ་ཆར་ལེའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་ཏ་ལིང་ཧོ་མཛེས་ལྗོངས་ཁུལ་ནས་པར་བླངས་པའི་གངས་ཆར་ཁྲོད་ཀྱི་མེ་ཏོག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།