དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་བྱང་ཁུལ་གྱིས་ཡུལ་སྐོར་ལྗོངས་རྒྱུའི་ས་ཚིགས་ཀྱི་ཟས་རིགས་བདེ་འཇགས་བྱ་བར་བཅོས་སྐྱོང་བྱས།

  • ཡོང་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-21

    གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྔར་ལས་ཀྱང་ཡུལ་སྐོར་ལྗོངས་རྒྱུའི་བཟའ་བཏུང་ཞབས་ཕྱིའི་ཟས་རིགས་བདེ་འཇགས་དོ་དམ་དང་བཅོས་སྐྱོང་བྱ་བར་ཤུགས་སྣོན་བྱེད་ཆེད། རྒྱུན་མཐུད་སྒོས་ཡུལ་སྐོར་ལྗོངས་རྒྱུའི་ཟས་རིགས་བཟའ་བཏུང་ཞབས་ཕྱིའི་བདེ་འཇགས་ཆུ་ཚད་མཐོར་འདེགས་སུ་བཏང་ནས། མཚོ་བྱང་ཁུལ་གྱི་ཉེ་དུས་ཀྱི་ཡུལ་སྐོར་ལྗོངས་རྒྱུའི་བཟའ་བཏུང་ཞབས་ཕྱིའི་ཟས་རིགས་བདེ་འཇགས་བཅོས་སྐྱོང་བྱ་བས་གྲུབ་འབྲས་མངོན་གསལ་བླངས།

    མཚོ་བྱང་ཁུལ་གྱིས་ཡུལ་སྐོར་ས་ཚིགས་ཀྱི་ཟ་ཁང་ལ་ལས་གཉེར་ཆོག་མཆན་འཛིན་ཡིག་མེད་པའི་གནད་དོན་གཙོ་བོར་བཟུང་ནས། ཁུལ་ཡོངས་ཀྱི་ཡུལ་སྐོར་ལྫོངས་རྒྱུའི་ས་ཚིགས་ཀྱི་ཟ་ཁང་ལ་དྲ་རྒྱུའི་ལམ་ནས་ཞིབ་བཤེར་བྱས་ནས། ལས་གཉེར་ཆོག་མཆན་འཛིན་ཡིག་མེད་པ་དང་། ལས་གཉེར་ཆ་རྐྱེན་ཚད་ལྡན་མིན་པའི་ཟ་ཁང་གི་ཞིབ་ཕྲའི་ཁ་གྲངས་ཁོང་དུ་ཆུད་པར་བྱས་ཏེ། གསར་དུ་ཕྱེས་པའི་ཟ་ཁང་ལ་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ནས། ཚད་ལྡན་གྱི་བཟའ་བཏུང་ཞབས་ཕྱིའི་ཆོག་མཆན་དཔང་ཡིག་བྱིན། གཞན་ཡང་། ཁྱོན་ཡོངས་ནས་ཡུལ་སྐོར་ལྗོངས་རྒྱུའི་ས་ཚིགས་ཀྱི་རིམ་པ་འཕེལ་རྒྱས་སུ་བཏང་ནས། ཁུལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་རྒྱུའི་ས་ཚིགས་སོ་དྲུག་གི་བཟའ་བཏུང་ཞབས་ཕྱི་ཚད་ལྡན་དུ་བཏང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།