དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲོན་བོད་གཞུང་ལམ་གྱི་ལམ་དུམ་བུ་ཁག་གཅིག་བཅོས་སྒྲིག་དང་བསྐྱར་སྐྲུན་རྐྱེན་གྱིས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-20

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཆེད་གཏོང་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་བརྒྱུད་ཟླ་4ཚེས་15ཉིན་ནས་ཟླ་6ཚེས་20ཉིན་བར་ཁྲོན་བོད་གཞུང་ལམ་བོད་ལྗོངས་ས་ཁོངས་ཀྱི་ལམ་དུམ་བུ་ཁ་ཤས་བཅོས་སྒྲིག་དང་བསྐྱར་སྐྲུན་བྱ་རྒྱུ་ཡིན་ཞིང་། དེའི་རིང་ཁྲོན་བོད་གཞུང་ལམ་ཐང་སྨད་ནས་ཏའོ་པན་105དུམ་བུའི་བར་གྱི་ལམ་ངོས་ཨར་སྐྲུན་གྱི་བདེ་འཇགས་དང་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད་རྐྱང་ཚེས་སུ་གཏོང་རྒྱུ་ལག་བསྟར་བྱས་ཏེ་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ནས་ཉིང་ཁྲི་རྫོང་བྲག་ཡིབ་གྲོང་རྡལ་ཕྱོགས་སུ་འགྲོ་བའི་དུས་ཚོད་དེ་ཆུ་ཚོད་00∶00ནས་ཆུ་ཚོད་12∶00བར་ཡིན་པ་དང་། བྲག་ཡིབ་གྲོང་རྡལ་ནས་སྤོ་བོ་རྫོང་ཕྱོགས་སུ་འགྲོ་བའི་དུས་ཚོད་དེ་ཆུ་ཚོད་12∶00ནས་ཆུ་ཚོད་24∶00བར་ཡིན་པ་དང་ཆ་ཚེས་ཉིན་མོར་ཉིན་གང་ཨར་སྐྲུན་བྱས་ཏེ་འཁོར་རིགས་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད།

    ཁྲོན་བོད་གཞུང་ལམ་ཐང་སྨད་ནས་ཏའོ་པན་105དུམ་བུ་ནི་ཁྲོན་བོད་ལམ་ཐིག་གི་ལམ་བུ་ཅུང་ཞན་པའི་ཁུལ་ཡིན་པ་དེར་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐོན་སླ་བས་ཤར་གཏོང་ཆ་རྐྱེན་ཅུང་ཞན་པ་དང་རྟག་ཏུ་འགྲིམ་འགྲུལ་ཆད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཅོས་སྒྲིག་དང་བསྐྱར་སྐྲུན་བྱས་པ་བརྒྱུད་ལམ་དུམ་བུ་དེའི་ཤར་གཏོང་ཆ་རྐྱེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལེགས་སུ་འགྲོ་རྒྱུ་མ་ཟད་ཤར་གཏོང་གི་བདེ་འཇགས་རྣམ་པ་ཡག་ཏུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།