དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀརྨ་དགོན་གསར་གྱི་རྡོ་གཅལ་ལམ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ཟླ་6པའི་ཟླ་དཀྱིལ་དུ་ལས་མཇུག་འགྲིལ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-17

    ཉེ་ཆར་གསར་འགོད་པས་ཁྲེང་ཀོན་ཆུས་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར་ཀརྨ་དགོན་གསར་གྱི་རྡོ་གཅལ་ལམ་གྱི་རིམ་སྤོར་སྒྱུར་བཀོད་ལས་གྲྭ་དེ་ལས་གྲྭ་ཡོངས་ཀྱི་བསྡོམས་འབོར་གྱི་60%ཙམ་ལེགས་སྒྲུབ་ཟིན་པ་དང་། མིག་སྔར་བཙོག་ཆུ་མདོང་ལམ་བཏིང་ཟིན་ནས་ཨར་སྐྲུན་ཚན་པས་ཆར་ཆུའི་མདོང་ལམ་སོགས་ཨར་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གྲ་སྒྲིག་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་འདི་ལོའི་ཟླ་6པའི་ཟླ་དཀྱིལ་དུ་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་སྒྱུར་བཀོད་བྱེད་དགོས་པའི་ལམ་ཚད་ཡོངས་ལ་སྨི་1078ཡོད་པ་དེ་ཅང་སུའུ་ཤར་ལམ་དང་ཀརྨ་དགོན་གསར་ལམ་གྱི་འབྲེལ་མཚམས་ནས་འགོ་ཚུགས་པ་དང་གཙང་བྲན་ལམ་དང་ཀརྨ་དགོན་གསར་གྱི་འབྲེལ་མཚམས་བར་ཡིན་པ་དང་ལས་གྲྭ་དེ་ན་ནིང་ཟླ་10པའི་ཚེས་19ཉིན་ལས་གྲྭ་དངོས་སུ་འགོ་ཚུགས་པ་དང་མ་གནས་སྒོར་ཁྲི་1501.2ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།