འདི་ནི་བཟོ་པ་ཚོས་ཐང་སྨད་ཟམ་ཆེན་གྱི་སྔོན་བཟོས་འཁོར་ལམ་ལེབ་མོ་མཐའ་མ་དེ་སྒྲིག་སྦྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་ཡིན་པ།
ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ལམ་318ལམ་རྒྱུད་ཀྱི་འགག་གནད་ལས་གྲྭ་ཡིན་པའི་ཐང་སྨད་ཟམ་ཆེན་གྱི་གཙོ་གཟུགས་ལས་གྲྭ་ལས་མཇུག་འགྲིལ་བ་དང་། མིག་སྔར་ཟམ་ངོས་ལས་གྲྭ་བྲེལ་འཚུབ་ངང་བྱེད་བཞིན་ཡོད་པ་དང་། ཨར་སྐྲུན་གྱི་མྱུར་ཚད་དང་ལས་ཡུན་བཀོད་སྒྲིག་ལ་གཞིགས་ན། ཟླ་7ཚེས་1ཉིན་གོང་ཁྱོན་ཡོངས་ནས་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་རེད།
ཐང་སྨད་ཟམ་ཆེན་ནི་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་318ཀྱི་འགག་གནད་ལས་གྲྭ་ཞིག་ཡིན་པ་དང་། འཕྲེད་ལུང་གཙང་པོའི་ཡན་ལག་ཆུ་རྒྱུད་ཡིད་འོང་གཙང་པོ་བརྒྱུད་དགོས་པ་དང་། རྟག་ཏུ་རླངས་འཁོར་གཅིག་ལས་སྐྱོད་མི་ཆོག་པ་དང་ལྗིད་ཚད་ཏུན་20ལས་བརྒལ་མི་ཆོག་པས་རླངས་འཁོར་འཁོར་སྐྱོད་ལ་སྟབས་བདེ་པོ་མེད། ཁྲོན་བོད་གཞུང་ལམ་གྱི“ཐང་སྨད་རང་བྱུང་བཙན་འགག”རྒྱུད་དུ་འཁོར་རིགས་འགྲོ་སྐྱོད་སྟབས་བདེ་མེད་པར་འགྱུར་ལྡོག་བཏང་ནས་ད་ལྟའི་སྐྱེལ་འདྲེན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཆེད་ཐང་སྨད་ཟམ་ཆེན་2012ལོའི་ཟླ་9ཚེས་25ཉིན་ནས་ལས་འགོ་བརྩམས་པ་དང་། མིག་སྔར་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།