དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མེ་ཏོག་རྫོང་གི་སྒེར་འཁོར་བཏང་ནས་ཡུལ་སྐོར་ བྱེད་པའི་ལམ་ཐིག་བསྐྱར་དུ་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-14

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གངས་རུད་སོགས་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཕོག་པའི་དབང་གིས་ཟླ་གསུམ་པར་བཀག་སྡོམ་བྱས་པའི་མེ་ཏོག་ཏུ་བསྐྱོད་སའི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ལམ་ཐིག་ཡུལ་སྐོར་བར་སྒོ་མོ་ཕྱེ་མོད། འོན་ཀྱང་ན་ནིང་གི་ཟླ་10པར་བཀག་སྡོམ་བྱས་པའི་མེ་ཏོག་གི་རྐང་ཐང་མར་སྐྱོད་པའི་ལམ་ཐིག་གི་ལམ་རྒྱུད་དུ་གངས་གསོག་ཐེབས་པས་བཀག་སྡོམ་གློད་མེད་པ་རེད།

    སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ལམ་ཐིག་ནི་ཉིང་ཁྲི་ས་ཁུལ་སྤོ་མེས་རྫོང་ནས་མེ་ཏོག་དུ་བསྐྱོད་སའི་ལམ་ཞིག་ཡིན་པ་དང་། རྐང་ཐང་མར་སྐྱོད་པའི་ལམ་ཐིག་ནང་གཙོ་བོ་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་ཕད་གྲོང་རྡལ་ནས་ཐོན་ཏེ“བར་དོའི་འཕྲང”ཞེས་འབོད་པའི་རྡོ་གཞུང་ལ་བརྒྱབ་ནས་དགའ་ལུང་ལ་སོགས་བརྒྱུད་དེ་མེ་ཏོག་ཏུ་འབྱོར་གྱི་ཡོད། མེ་ཏོག་ཏུ་རྐང་ཐང་མར་བསྐྱོད་པའི་ཐད་དཀའ་ཚེགས་ཆེ་ཚད་རྒྱལ་ནང་གི་རྐང་ཐང་ལམ་ཐིག་ཁྲོད་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཉེ་ལམ་ལོ་ཤས་རིང་ཡུལ་སྐོར་བ་ལམ་ནོར་ཤོར་བ་དང་། གཡང་དུ་ཟགས་པ་སོགས་ཀྱི་ལས་འཛོལ་རྒྱུན་ཆད་མེད་པར་ཐོན་ཡོད་པ་རེད།

    མེ་ཏོག་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལྷག་པ་ཚེ་རིང་གིས་གངས་ཀྱིས་རི་ལམ་བཀག་པའི་དབང་གིས་མེ་ཏོག་གི་རྐང་ཐང་མར་བསྐྱོད་པའི་ལམ་ཐིག་དེ་སྔོན་དཔག་བྱས་ན་ཟླ་ལྔ་པར་གཞི་ནས་ཕྱེ་རྒྱུ་རེད་ཅེས་བཤད་པ་དང་། ཁོང་གིས་མེ་ཏོག་གི་རྐང་ཐང་མའི་ཡུལ་སྐོར་ལམ་རྒྱུད་དུ་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་ལམ་ཉེན་ཁ་ཆེ་བས་ཡུལ་སྐོར་བས་གཅིག་པུར་བསྐྱོད་རྒྱུ་མེད། རྐང་ཐང་མའི་ལམ་བརྒྱུད་རྗེས་རང་ཉིད་ཀྱི་གཟུགས་གཞིའི་གནས་ཚུལ་ལ་གཞིགས་ནས་ཉམས་མྱོང་ཡོད་མཁན་གྱི་སྣེ་ཤན་པའི་ཁྲིད་སྟོན་ཐོག་འཆར་འགོད་བྱས་པའི་ལམ་ཐིག་གཞིར་བཟུང་བསྐྱོད་དགོས་པའི་ཤ་ཚའི་དྲན་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།