དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་མགྲོན་ཁང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-13

    བོད་ལྗོངས་མགྲོན་ཁང་ནི་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁའི་ཉེ་འགྲམ་གྱི་པེ་ཅིང་དཀྱིལ་ལམ་དུ་གནས་ཤིང་།1986ལོའི་ཟླ་6པར་གཉེར་འགོ་ཚུགས་པ་དང་།དེ་ནི་ལྷ་ས་གྲོང་ཁྱེར་གྱི་གཉེར་འགོ་སྔ་ཤོས་ཀྱི་སྐར་བཞི་རིམ་པའི་མགྲོན་ཁང་ཡིན་ལ་དུས་མཚུངས།བོད་ལྗོངས་མགྲོན་ཁང་དེའང་ཞག་སྡོད་དང་།བཟའ་བཏུང།ཚོགས་འདུ་བཅས་གཅིག་ཏུ་འདུས་པའི་ཕྱི་གཉེར་ཨར་ཁང་ཡིན།མགྲོན་ཁང་དེ་ཕྱི་ཕྱོགས་བལྟ་ཚེ་གསར་སྲོལ་དེ་ཙམ་མེད་ཀྱང།འོན་ཏེ་མགྲོན་ཁང་གི་རྟེན་གཞིའི་ཚོགས་ཆེན་ནང་བསྐྱོད་ཚེ་ནང་དུ་བསིལ་ཁང་སྟེགས་བུའི་རི་རྡོ་དང་མཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་ལས་རང་བྱུང་གི་བསིལ་མདངས་དབུག་རླུང་ཞིག་སྦྱིན་གྱི་ཡོད་པས།ལྷ་ས་གྲོང་ཁྱེར་གྱི་གཞན་དག་སྐར་བཞི་རིམ་པའི་ཕྱི་གཉེར་ཨར་ཁང་དང་བསྡུར་ཚེ་དེའང་བོད་ལྗོངས་མགྲོན་ཁང་གི་ཁྱད་ཆོས་ཆེ་ཤོས་སུ་འགྱུར་ཡོད།དེ་ཕྱིར་ལྷ་ས་གྲོང་ཁྱེར་གྱི་རང་བྱུང་གསོ་རླུང་མགྲོན་ཁང་གཅིག་པུར་ངོས་འཛིན་གྱི་ཡོད།

    ཡུར་སྐོར་མང་ཤོས་ཀྱི་དུས་ཚིགས་སྐབས་།བོད་ལྗོངས་མགྲོན་ཁང་གིས་མི་9000ཡས་མས་སྣེ་ལེན་ཞུ་ཐུབ་ཀྱི་ཡོད་པ་དང་།ཡུལ་སྐོར་ཉུང་བའི་དུས་ཚིགས་སྐབས།མགྲོན་ཁང་གཞན་དང་འདྲ་བར་སྣེ་ལེན་ཞུ་བའི་མགྲོན་པོ་ལྡབ་ཆགས་ནས་ཧ་ལམ་མི་3000ཡས་མས་སྣེ་ལེན་ཞུ་ཐུབ།

    མགྲོན་ཁང་གི་ཁྱད་ཆོས།ལྷ་ས་གྲོང་ཁྱེར་གྱི་རང་བྱུང་གསོ་རླུང་མགྲོན་ཁང་གཅིག་པུ་ཡིན་པ།

    ཁང་པའི་རིན་གོང་།ཡུལ་སྐོར་མང་བའི་དུས་ཚིགས་སྐབས་སྒོར་3800ནས་9800ཡིན་པ་དང་།ཡུལ་སྐོར་ཡུལ་ཉུང་བའི་དུས་ཚིགས་སྐབས་རིན་པ་ཆགས་རྒྱུ་ཡོད།

    སྒྲིག་ཆས་གཞན་དགཁང་པ་རེར་གློག་ཀླད་འཕྲུལ་ཆས་དང་།རིན་མེད་དྲ་ཆེན།ཆུ་ཚོད་24རིང་ཆུ་ཚ་པོ་སྤྱོད་ཆོག་པ།རིན་མེད་གཟུགས་འཁྲུ་ཁང་སོགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།