དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་པོ་སྐོར་བའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་གཉིས་པ་ཟླ་6པར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-04-10

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་གཉིས་པ་དེ་ཟླ་6ཚེས་15ནས་18ཉིན་བར་བྱ་རྒྱུ་ཡིན་ཞིང་། མིག་སྔར་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་གཉིས་པའི་སྤྱིའི་འཆར་འགོད་གཏན་འཁེལ་ཟིན་པ་དང་འདི་ལོའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་གྱི་ལམ་ཐིག་སྐབས་དང་པོ་ལས་རིང་དུ་གང་ཙམ་བཏང་ཡོད་ལ་འགྲན་བསྡུར་དུམ་བུ་གསར་པ་བསྣན་ཡོད་པ་རེད།

    མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་གཉིས་པའི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་པ་དང་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“ནུས་རྒྱུ་གསར་པ་དང་། ལག་རྩལ་གསར་པ། ཐོན་ལས་གསར་པ”བཅས་རེད། འགྲན་བསྡུར་བྱ་ཡུལ་ནི་ཟི་ལིང་ནས་མུན་ཡོན་དང་། ཆུ་ལེན། ཆུ་ཁོལ། ཡོན་ཙེ་གྲོང་། ཨར་ལང་ཅན། འདབ་ཆགས་གླིང་ཕྲན། རྐང་ཚ། ཡོན་ཙེ་གྲོང་། ཟི་ལིང་བཅས་བར་ཡིན་ཞིང་། དེའི་ནང་མུན་ཡོན་དང་། ཆུ་ལེན། ཆུ་ཁོལ་བཅས་ནི་འདི་ལོ་སྣུར་སྲིང་བྱས་པའི་འགྲན་བསྡུར་དུམ་བུ་ཡིན་པ་རེད། གློག་སྒུལ་རླངས་འཁོར་གྱི་རྩལ་འགྲན་དང་། ནུས་པ་དཔྱད་ཞིབ་འགྲན་བསྡུར། མཚོ་སྔོན་པོ་སྐོར་བའི་ཞིབ་བསྡུར་སོགས་ཚུད་ཡོད་པ་རེད།

    མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་ཞིབ་བསྡུར་འགྲན་བསྡུར་ནང་ཁྱོན་འགྲན་བསྡུར་དུམ་བུ་8བཙུགས་ཡོད་པ་དེ་མུན་ཡོན་དང་། ཆུ་ལེན། ཨར་ལང་ཅན་མཛེས་ལྗོངས་ཁུལ། འདབ་ཆགས་གླིང་ཕྲན་མཛེས་ལྗོངས་ཁུལ། ཡོན་ཙེ་གྲོང་སོགས་མཛེས་ལྗོངས་ཁུལ་ཟུང་དུ་སྦྲེལ་ནས་འགྲན་བསྡུར་དུམ་བུ་ཚང་མར་འགྲན་བསྡུར་རམ་ཡང་ན་ཞིབ་བསྡུར་མི་འདྲ་བའི་རྣམ་གྲངས་བཙུགས་ཡོད་པ་དཔེར་ན། ཟི་ལིང་ནས་མུན་ཡོན་བར་གྱི་འགྲན་བསྡུར་དུམ་བུར་གློག་སྒུལ་རླངས་འཁོར་གྱི་གློག་སྣོན་ཕན་འབྲས་ཞིབ་བསྡུར་བྱ་རྒྱུ་དང་མུན་ཡོན་ནས་ཆུ་ལེན་བར་གྱི་འགྲན་བསྡུར་དུམ་བུར་གློག་སྒུལ་རླངས་འཁོར་གྱི་བསྟུད་མར་སྐྱོད་པའི་ནུས་པ་ཞིབ་བསྡུར་བྱ་རྒྱུ་རེད། འགྲན་བསྡུར་བྱེད་རིང་སྤྲོ་སྐྱིད་དུས་ཆེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཡོད་པའི་ནང་སྐུ་འབུམ་བྱམས་པ་གླིང་གི་བརྗོད་བྱ་གཙོ་བོའི་སྐོར་སྐྱོད་བྱེད་སྒོ་དང་། མུན་ཡོན་གྱི་དུས་ཐུང་རོལ་དབྱངས་འཁྲབ་སྟོན་བྱེད་སྒོ ཆུ་ལེན་གྱི་ཤར་ཕྱོགས་སུའེ་ཙེར་གྱི་དར་སོའི་རོལ་དབྱངས་འདུ་ཚོགས་བྱེད་སྒོ་བཅས་དང་དེ་བཞིན་ལམ་བར་དུ་འཁྲབ་སྟོན་མཁས་ཅན་དང་། སྐུ་མགྲོན། འགྲན་ཞུགས་ཚོང་པ་སོགས་མཉམ་དུ་ཞུགས་པའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།