གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུའི་འཆར་གཞི་གཞིར་བཟུང་ལྗོངས་ནང་ཁོངས་ཀྱི་གནམ་ཐང་གིས་ཟླ་3ཚེས་29ཉིན་ནས་བཟུང་སྟོན་དཔྱིད་མཁའ་འགྲུལ་དུས་ཡུན་གྱི་དུས་གཏན་གནམ་གྲུའི་དུས་ཚོད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ་དང་སྔོན་དཔག་ལྟར་ན་ཟླ་10པ་བར་ལག་བསྟར་བྱེད་རྒྱུ་རེད། མཁའ་འགྲུལ་དུས་ཡུན་དེའི་ནང་འཕུར་སྐྱོད་བྱེད་པའི་དུས་གཏན་གནམ་གྲུ་ནི་གཟའ་འཁོར་རེར་310ཟིན་པ་དེ་དུས་མཚུངས་ལས་11%མང་དུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་མཁའ་འགྲུལ་ཁྲོམ་རའི་དགོས་མཁོ་རྒྱུན་མི་ཆད་པར་ཆེ་རུ་སོང་ཡོད། ད་རེས་ཀྱི་དུས་ཚིགས་དུས་གཏན་གནམ་གྲུ་དེར་ཉེ་དུས་ཤར་གཏོང་བྱས་པའི་ལྷོ་འགྲུལ་ཀོང་ཀྲོའུ་ནས་ཉིང་ཁྲིའི་ཐད་འགྲུལ་བར་གྱི་མཁའ་ལམ་དང་ཁྲོན་འགྲུལ་ལྷ་ས་ནས་ཀ་ཏ་མན་རྡུའི་བར་ཚུད་པ་དང་ཤར་གཏོང་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། མཁའ་ལམ་དྲ་རྒྱ་དེ་སྔར་བས་འཐུས་ཚང་དུ་སོང་བ་དང་དམངས་སྤྱོད་མཁའ་འགྲུལ་གྱིས་བོད་ལྗོངས་དང་ནང་ས་དང་དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་སྤེལ་རེས་བཅས་ཐད་ཀྱི་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་མ་བཏང་བ་རེད།