མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་རྔ་པ་ཀྲོའུ་རྔ་པ་རྫོང་ཁོངས་སུ་ད་བར་ཉར་ཚགས་ཡག་པོ་བྱུང་བའི་ཤིང་ཟམ་20ལྷག་ཙམ་དེར་ལག་ཟུང་ཟམ་པ་ཞེས་བརྗོད་ཅིང་། ཟམ་པ་དེ་དག་ཤིང་དང་རྡོ་ལས་བསྒྲུབས་པ་ཕུད་གཟེར་དང་དེ་མིན་གྱི་རྒྱུ་ཆ་གང་ཡང་སྤྱད་མེད། ཟམ་པ་དེ་དག་ལ་ལོ་ངོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པར་བརྟེན་བོད་རིགས་ས་ཁུལ་དུ“ལོ་རྒྱུས་ཟམ་པ”ཞེས་ཀྱང་འབོད་ཀྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཟམ་པ་དེ་དག་ལི་སྨི་20ནས་40བར་གྱི་ཤིང་ལས་གྲུབ་པ་ཤ་སྟག་ཡིན། ཟམ་པ་དེ་དག་ཉར་ཚགས་ཡག་པོ་བྱུང་བ་དེས་བོད་རིགས་ས་ཁུལ་གྱི་ཟམ་པ་ཉམས་གསོའི་ལོ་རྒྱུས་ཀྱི་རིན་ཐང་དང་། ཚན་རིག་གི་རིན་ཐང་། མི་རིགས་སྒྱུ་རྩལ་གྱི་རིན་ཐང་བཅས་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།