དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་གཞིས་ལྕགས་ལམ“བདེ་འཇགས་དང་། གྲོན་ཆུང་། མགྱོགས་མྱུར”བཅས་ཀྱི་འགྲུལ་སྐྱེལ་ལྕགས་ལམ་དུ་འཛུགས་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་དྲ་བ།   |     སྤེལ་དུས།  2015-04-01

    མི་དམངས་དྲ་བའི་འཕྲིན། 2014ལོའི་ཟླ་8ཚེས་16ཉིན་ལྷ་གཞིས་ལྕགས་ལམ་དུ་མེ་འཁོར་ཐོག་མ་ཤར་གཏོང་བྱས་པ་དང་། ཉིན་དེ་ནས་བཟུང་མཚོ་བོད་ལྕགས་ལམ་གྱི་འབབ་ཚུགས་མཐའ་མ་ལྷ་ས་འབབ་ཚུགས་ནས་མུ་མཐུད་དུ་སྐྱིད་ཆུ་རྒྱུད་ནས་སྟོད་ལུང་བདེ་ཆེན་རྫོང་དང་ཆུ་གསུམ་རྫོང་བརྒྱུད་རྗེས་ཡར་ཀླུང་གཙང་པོའི་གཞུང་བཅད་དེ་སྟོད་དུ་སྤྱི་ལེ་90ཙམ་བསྐྱོད་པ་དང་སྙེ་མོ་དང་རིན་སྤུངས་རྫོང་བཅས་བརྒྱུད་རྗེས་གཙང་གི་གྲོང་བརྡལ་ཆེ་ཤོས་གཞིས་ཀ་རྩེ་རུ་འབྱོར་ཞིང་། ལམ་ཐག་ལ་དུས་ཚོད་2དང་སྐར་58ཙམ་ལས་མི་དགོས་པ་རེད།

    མེ་འཁོར་འགོ་གཙོ་ཧྲི་ལེ་ཡིས་གསར་འགོད་པར་ན་ནིང་ཟླ་8ཚེས་15ཉིན་ལྷ་གཞིས་ལྕགས་ལམ་དུ་མེ་འཁོར་དངོས་སུ་ཤར་གཏོང་བྱས་པ་ནས་བཟུང་ཡུལ་སྐོར་བ་ཁྲི་40ཙམ་སྐྱེལ་འདྲེན་བྱས་ཡོད་པ་དང་། ཡུལ་སྐོར་བར་ཚོར་ཡུལ་སྐོར་མྱོང་ཚོར་སྔར་ལས་ལེགས་པོ་ཡོང་བར་བྱེད་ཆེད་མེ་འཁོར་གྱི་འཁོར་སྒྲོམ་རེ་རེའི་ནང་གསོ་རླུང་མཁོ་འདོན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། མིག་སྔར་ལྕགས་ལམ་འདི་ཐོག་གི་འགྲུལ་པ་གཙོ་བོ་ནི་ཡུལ་སྐོར་དང་། ཚོང་གཉེར། གཉེན་ཉེ་ཐུག་འཕྲད་བཅས་གནང་བར་འགྲོ་མཁན་ཡིན་ཞིང་། ལོ་རེའི་ཟླ་7པ་ནས་9པའི་བར་ཡུལ་སྐོར་དུ་འགྲོ་མཁན་མང་བའི་དུས་ཡིན་པས་རྟག་ཏུ་མེ་འཁོར་པ་སེ་ཉོ་དཀའ་བ་གནས་ཚུལ་ཐོན་གྱི་ཡོད་ཅེས་བཤད།

    གསར་འགོད་པས་འགྲུལ་པར་བཅའ་འདྲི་བྱེད་སྐབས་འགྲུལ་པ་ཚོས་སྔོན་ཆད་རླངས་འཁོར་ལ་བསྡད་ན་ལྷ་ས་ནས་གཞིས་རྩེའི་བར་དུས་ཚོད་7ནམ་8དགོས་པ་དང་། རང་གིས་རླངས་འཁོར་བཏང་ནས་སོང་ན་ཆུ་ཚོད་5ཙམ་དགོས། ད་སྐབས་མེ་འཁོར་ལ་བསྡད་ན་ཆུ་ཚོད་2དང་སྐར་མ་58ལས་མི་དགོས་པ་དང་མེ་འཁོར་པ་སེ་ཉོ་བར་ཡང་གོང་ཆུང་བས་མང་ཆེ་བ་མེ་འཁོར་ལ་སྡོད་ཀྱི་ཡོད་ཅེས་བཤད།

    ལྕགས་ལམ་སྦྲེལ་མཐུད་ཀྱིས་མེ་འཁོར་ཤར་གཏོང་བྱས་པ་རྗེས་འགྲུལ་པ་ཚོར་སྟབས་བདེ་བྱུང་བ་དང་། གཞིས་ཀ་རྩེའི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་འགྲོ་བར་ཡང་སྐུལ་ཁྲིད་བྱས་པ་རེད། གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་བསྡོམས་རྩིས་བྱས་པར་གཞིགས་ན། 2014ལོའི་ཟླ་བ་1པོ་ནས་ཟླ་བ་12པའི་བར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་3103016ལ་སྣེ་ལེན་ཞུས་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་36%འཕར་ཡོད་པས་ལོ་འཁོར་མོའི་འཆར་གཞི་ལེགས་འགྲུབ་བྱུང་བ་རེད། དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་104140ལ་སྣེ་ལེན་ཞུས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་17% འཕར་ཡོད་པ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་2998876ལ་སྣེ་ལེན་ཞུས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་36%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།