དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དུང་དཀར་ལུང་གི་ཡུལ་སྐོར་ཁུལ་དུ་གད་སྙིགས་དངུལ་ཁང་དང་པོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-03-30

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁྱེད་ཀྱིས་དངུལ་བཅོལ་པ་རྒྱུས་ཡོད་ཀྱང་གད་སྙིགས་བཅོལ་སའི་དངུལ་ཁང་མཐོང་མྱོང་ཡོད་དམ། དཔྱིད་གསར་དུས་ཆེན་རིང་སི་ཁྲོན་དཀར་མཛེས་ཀྲོའུ་དུང་དཀར་ལུང་གི་ཡུལ་ལྗོངས་ཁུལ་དུ་ཡུལ་སྐོར་བས་གད་སྙིགས་གང་བྱུང་དུ་མ་དབྱུགས་པའི་ཆེད། ཡུལ་ལྗོངས་ཁུལ་དུ“གད་སྙིགས་དངུལ་ཁང”དང་པོ་དེ་བཙུགས་པ་དང་ཡུལ་སྐོར་བས་གད་སྙིགས་གཏན་འཁེལ་བྱས་པའི་ས་ཆར་བཞག་ཚེ་སྤུས་ལེགས་ཀྱི་ལག་རྟགས་ཤིག་རག་གི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྲོ་གསེང་གཟའ་འཁོར་འཆར་རིམ་བཞིན་ཡུལ་སྐོར་བ་མང་དུ་འགྲོ་གི་ཡོད་པས། གད་སྙིགས་དང་། གཏེར་ཆུའི་འགྱིག་དམ། འགྱིག་ཤོག་ཁུག་མ་སོགས་ཀྱི་ཟོག་རོ་ནི་ཡུལ་ལྗོངས་ཁུལ་ཁག་ལ་དཀའ་ངལ་ཆེན་པོ་བཟོ་བའི་གནད་དོན་ཆེ་ཤོས་ཡིན་པ་རེད། “དགུང་གསེང་འཆར་རིམ་བཞིན་ཡུལ་ལྗོངས་ཁུལ་ཚང་མར་གད་སྙིགས་བསྒྲུགས་མཁན་མང་དུ་གཏོང་དགོས་པ་དང་དུས་ཚོད་མང་པོ་འགོར་ཁར། དཀའ་ངལ་ཡང་ཆེན་པོ་ཡོད་པ་མ་ཟད། ད་དུང་གཙང་སེལ་བྱེད་ཐབས་བྲལ་བ་ཞིག་འདུག”ཅེས་དུང་དཀར་ལུང་གི་ཡུལ་ལྗོངས་ཁུལ་གྱི་འགན་འཁུར་བས་བཤད་པ་རེད། ཡ་རབས་ཡུལ་སྐོར་དར་སྤེལ་ཤུགས་ཆེན་བཏང་ནས་དུང་དཀར་ལུང་ལ་གཅེས་སྐྱོང་དང་སྲུང་སྐྱོང་བྱ་ཆེད་ཡུལ་ལྗོངས་ཁུལ་གྱིས“གོ་ལར་གཅེས་འཛིན་བྱེད། འཁྱགས་རོམ་སྲུང་སྐྱོབ་བྱེད”ཅེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་བ་དང་འབྲེལ། དཔྱིད་གསར་དུས་ཆེན་རིང“གད་སྙིགས་དངུལ་ཁང”དང་པོ་དེ་སྔོན་ལ་བཙུགས་པ་རེད།

    “ཡུལ་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་སྐབས་ལས་དོན་པས་ཡུལ་སྐོར་བར་གཙང་སྦྲའི་ཁུག་མ་ཞིག་སྤྲད་ནས་ཡུལ་སྐོར་བས་གད་སྙིགས་གཙང་སྦྲའི་ཁུག་མའི་ནང་ཉར་རྗེས་གཏན་འཁེལ་བྱས་པའི་ས་ཆ་ནས་སྤུས་ལེགས་ཀྱི་ལག་རྟགས་ཤིག་རག་གི་ཡོད”ཅེས་ཡུལ་ལྗོངས་ཁུལ་ནང་གི“གད་སྙིགས་དངུལ་ཁང”གི་ལས་དོན་པ་ཞིག་གིས་དེ་ལྟར་ཤོད་ཀྱི་འདུག

    ཡུལ་ལྗོངས་ཁུལ་གྱིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ཡུལ་ལྗོངས་ཁུལ་དུ་བཙུགས་པའི“གད་སྙིགས་དངུལ་ཁང”གཉིས་སུ་དུས་ཡུན་ཉིན་གཉིས་རིང་ཡུལ་སྐོར་བ་ཁྲི་3ལྷག་ཙམ་གྱི་གད་སྙིགས་བླུག་སྣོད་40000ལྷག་ཙམ་ཚུར་བསྡུས་ནས་ཡུལ་སྐོར་བར་དུང་དཀར་ལུང་གི་འཁྱགས་རོམ་ཆུ་དང་། སེན་གཏུབ། ཉི་གདུགས། ཉི་འགོག་ཞྭ་མོ་སོགས་སྤུས་ལེགས་ལག་རྟགས་20000ཙམ་སྤྲད་པས་ཡུལ་ལྗོངས་ཁུལ་གྱི་ཡུལ་སྐོར་བས་གད་སྙིགས་གང་བྱུང་དུ་དབྱུགས་པའི་བྱེད་སྤྱོད་གཞི་རྩའི་ཆ་ནས་གཏན་འགོག་བྱུང་བ་མ་ཟད། ཡུལ་ལྗོངས་ཁུལ་གྱི་ཁོར་ཡུག་ཀྱང་གཙང་སྦྲ་དོད་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།