དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ལོ་གསར་རིང་ལྷ་སའི་ཡུལ་སྐོར་ཁྲོམ་ར་འཁྲུག་པོ་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-28

    ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ། འདི་ལོ་བོད་ཀྱི་ལོ་གསར་དང་ལུགས་རྙིང་གི་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་བས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་ཞིང་། ལྷ་སའི་ཁྲོམ་གཞུང་དུ་གནས་མཇལ་དང་སྐོར་བ་རྒྱག་མཁན་ཕུད། ཡུལ་སྐོར་བའང་ཟླ་གོང་མ་གཉིས་ལས་མང་དུ་ཕྱིན་ཡོད་པ་རེད།

    ཀོང་ཀྲུའུ་ནས་ཡིན་པའི་ཡུལ་སྐོར་བ་ལིའང་ཧྥ་ཅེས་དཔྱིད་གསར་གུང་གསེང་སྐབས་གྲོགས་པོ་ཚོ་དང་མཉམ་དུ་བོད་དུ་ཡོང་བ་དང་། ཨར་ཁང་དུ་བོད་རིགས་གྲོགས་པོས་ལིའང་ཧྥ་ཅེར་ཁ་བཏགས་གཡོགས་ཤིང་། སྙན་འཇེབས་ལྡན་པའི་བོད་རིགས་ཀྱི་རོལ་དབྱངས་དང་། ཞིམ་མངར་ནས་ཆང་། སེམས་རྩ་འཁོལ་བའི་བོད་རིགས་བཅས་ལས་བོད་ཀྱི་ལོ་གསར་གཏོང་ཐེངས་དང་པོ་ཡིན་པའི་ལིའང་ཧྥ་ཅེ་བོད་ཀྱི་ལོ་གསར་གྱི་རྣམ་པ་ཟབ་མོས་རབ་ཏུ་མྱོས།

    “བོད་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་རིག་གནས་དང་བོད་པ་ཚོའི་འཚོ་བའི་རྣམ་འགྱུར་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ད་རེས་ནི་ངས་བཏང་བའི་ཆེས་དམིགས་བསལ་དང་ཆེས་དོན་སྙིང་ལྡན་པའི་ལོ་གསར་ཞིག་ཡིན”ཞེས་ལིའང་ཧྥ་ཅེས་བཤད་པ་རེད།

    ལྷ་སའི་སྡེ་ཁུལ་ཆེ་ཆུང་ཁག་ཏུ་མི་རྣམས་ཀྱིས་གཟབ་མཆོར་སྤྲས་ཤིང་། ལག་ཏུ་ལོ་ལེགས་མཚོན་པའི་འབོ་དང་ནས་ཆང་འཁྱེར་ནས་གཉེན་གྲོགས་ཚོའི་ནང་དུ་བསྐྱོད་དེ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། དེ་དག་ལས་ཆེས་འཁྲུག་ཆ་དོད་ཤོས་ནི་བར་སྐོར་ཁྲོམ་གཞུང་རེད། ཐོག་ཁང་ཚང་མའི་སྟེང་དུ་དར་ལྕོག་བཙུགས་ཤིང་། ཁྲོམ་གཞུང་ཧྲིལ་པོར་བསང་དུད་ཀྱིས་ཁྱབ་པ་དང་། བར་སྐོར་དུ་གནས་མཇལ་བ་ཧ་ཅང་མང་པོ་ཡོད་པ་རེད།

    ཧེ་ལུང་ཅང་ནས་ཡིན་པའི་ཡུལ་སྐོར་བ་དབྱང་ཞུའེ་ཡང་གནས་མཇལ་བ་ཚོ་དང་མཉམ་དུ་ལག་ལ་DVཆུང་ངུ་ཞིག་བཟུང་ནས་བར་སྐོར་གྱི་སྐོར་ལམ་ནས་བོད་ཀྱི་ལོ་གསར་ཚེས་པ་གཅིག་ཉིན་གྱི་གནས་མཇལ་ཞུ་བའི་རྣམ་པ་འཁྲུག་པོ་དེ་པར་ལེན་བྱས་པ་རེད། “བོད་ཀྱི་ལོ་གསར་ལ་སྲོལ་རྒྱུན་གྱི་རྣམ་པ་ཧ་ཅང་ཟབ་མོ་འདུག ལོ་གསར་སྐབས་བོད་དུ་ཡོང་ནས་སྔོ་ཞིང་བསངས་བའི་དགུང་སྔོན་དང་དྲོ་སྐྱིད་ལྡན་པའི་ཉི་འོད་ལོངས་སུ་སྤྱོད་བཞིན་གནས་མཇལ་བ་ཚོ་དང་མཉམ་དུ་བོད་མི་རིགས་ཀྱི་ཆོས་ལུགས་ཀྱི་བརྩེ་བ་མྱོང་རོལ་བྱས་པ་ཡིན”ཞེས་དབྱང་ཞུའེ་ཡིས་རང་གིས་བརྒྱབ་པའི་པར་རིས་འཕྲིན་ཕྲན་ནང་བཏང་བར་གྲོགས་པོ་མང་པོས་བསྔགས་བརྗོད་དང་ཡིད་སྨོན་བྱས་པ་རེད།

    བོད་ལྗོངས་ཀྲུང་གོ་གཞོན་ནུ་ཡུལ་སྐོར་ལས་དོན་ཁང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀོན་ཅན་ཅུན་གྱིས་དགུན་ཁར་བོད་དུ་ཡུལ་སྐོར་དུ་ཡོང་བ་ཡིན་ན་ཕན་ཆ་མང་པོ་ལོངས་སུ་སྤྱོད་ཐུབ་པ་སྟེ། ཨར་ཁང་གི་གྲོན་དངུལ་ཡུལ་སྐོར་བ་མང་བའི་དུས་ལས་སུམ་ཆ་བཞི་ཆ་ཙམ་གྱིས་ཁེ་བ་དང་། གནམ་གྲུ་དང་མེ་འཁོར་གྱི་སྤ་སེ་ཡང་ཉོ་ཁག་པོ་མེད་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དང་ལྷག་པར་དུ་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་མང་པོ་མེད་པས་ལྷོད་ཤིག་ཤིག་བྱེད་ཆོག་ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་བ་བོད་ཀྱི་ལོ་གསར་སྐབས་སྟོད་ལུང་བདེ་ཆེན་རྫོང་བཟང་མོ་དམངས་སྲོལ་གྲོང་ཚོའི་མི་སེར་ཁྱིམ་དུ་བསྐྱོད་ནས་དེ་གར་ཞག་སྡོད་བྱེད་ཆོག་པ་མ་ཟད། ད་དུང་གནས་མཇལ་བ་ཚོ་དང་མཉམ་དུ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལར་བསྐྱོད་ནས་བོད་ཀྱི་དམངས་སྲོལ་གོམས་གཤིས་ཀྱང་ཉམས་སུ་མྱོང་ཆོག་གི་ཡོད་པ་རེད།

    བོད་ཀྱིས་2014ལོའི་ལོ་འཁོར་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1500ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་204རག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།