དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “སྤྲོ་སྣང་ལྡན་པའི་སེམས་ཀྱི་ཉི་ཟླས”ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-02-28

    མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སེམས་ཀྱི་ཉི་ཟླའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2015ལོའི་བོད་ཤིང་ལུག་ལོའི“སྤྲོ་སྣང་ལྡན་པའི་སེམས་ཀྱི་ཉི་ཟླའི”དཔྱིད་བསུའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡུལ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་པར་རྒྱག་བཞིན་ཡོད་དེ། སེམས་ཀྱི་ཉི་ཟླའི་དམངས་སྲོལ་རིག་གནས་ཀྱིས་ཁོང་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད་པ་རེད། སྟངས་སྟབས་ལེགས་པའི་ཞབས་བྲོ་དང་སྙན་འཇེབས་ལྡན་པའི་གླུ་དབྱངས་དག་གིས་ཡུལ་སྐོར་བ་ཚོར་བག་ཆགས་བཟང་པོ་ཞིག་བཞག་ཡོད། ཁོང་ཚོས་ཐལ་མོ་རྡེབ་བཞིན་དགའ་འབོད་བྱེད་ཞོར་དུ་ཡིད་དུ་འོང་བའི་སྐད་ཅིག་མ་པར་དུ་བླངས་ནས་སེམས་ཀྱི་ཉི་ཟླའི་རྣམ་པར་བཀྲ་བའི་མི་རིགས་ཀྱི་རིག་གནས་ཉམས་སུ་མྱོང་བཞིན་ཡོད་པ་རེད།

    པར་རྒྱག་ལ་བྲེལ་བཞིན་པའི་ཁྲང་ཧྲ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཧོ་མིང་གིས“ང་ཚོས་སེམས་ཀྱི་ཉི་ཟླའི་དམིགས་བསལ་གྱི་མི་རིགས་རིག་གནས་དང་དེ་བཞིན་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཉམས་སུ་མྱོང་ཐུབ་བྱུང་། གནས་དེ་ནི་དྲོ་སྐྱིད་ལྡན་པའི་མི་ཡུལ་གྱི་སུམ་རྩེན་གནས་དང་གཉིས་སུ་མ་མཆིས”ཞེས་སྤྲོ་སྣང་རབ་ཏུ་ལྡན་པའི་ངང་བཤད།

    བོད་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་གྱིས་ས་གནས་ས་ཐོག་ཏུ་ཡོད་པའི་ལྟད་མོ་བ་དང་ཡུལ་སྐོར་བས་མི་རིགས་ཀྱི་གླུ་གར་གྱི་ཡིད་དབང་འགུག་ཤུགས་ཆེན་པོ་ཚོར་ཐུབ་ཡོད་ལ་སེམས་ཀྱི་ཉི་ཟླའི་ཡིད་དབང་འཕྲོག་པའི་མི་རིགས་ཀྱི་ཉམས་འགྱུར་ཡང་ཉམས་སུ་མྱོང་ཐུབ་ཡོད། “ང་ནང་མི་དང་མཉམ་དུ་སེམས་ཀྱི་ཉི་ཟླར་ཡོང་ཐེངས་དང་པོ་ཡིན། དེ་རིང་གི་འཁྲབ་སྟོན་དེ་དག་མཐོང་བ་ནི་ངའི་བསོད་ནམས་ཡིན”ཞེས་ཨན་ཧུའེ་ནས་ཡོང་བའི་ཡུལ་སྐོར་བ་ཏུའུ་མིང་ཅེས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད།

    མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་བོད་རིགས་མང་ཚོགས་རྣམས་ཡུལ་སྐོར་བའི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། པར་རྒྱག་ལ་བྲེལ་བའི་ཧོ་ནན་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལི་ཏུང་ཡུས་ཀྱིས“དུས་ཆེན་གཏོང་སྐབས་སེམས་ཀྱི་ཉི་ཟླར་ཡོང་དགོས་འདུག གང་ལགས་ཤེ་ན། དེ་གའི་མཛེས་སྡུག་ལྡན་པའི་ཞབས་བྲོ་དང་། རྣམ་པར་བཀྲ་བའི་གྱོན་ཆས། ཡིད་དུ་འོང་བའི་བུ་མོ་སོགས་ཀྱིས་ངའི་ཡིད་དབང་རྦད་དེ་འཕྲོག་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།