དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གསར་པ་ཞིག་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-02-13

    མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་རྗེས་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་དུ་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གཉིས་པ་སྟེ་གེ་སར་རིག་གནས་མགོ་ལོག་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་ཤིང་། ཞིང་ཆེན་གཅིག་ཏུ་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གཉིས་བཙུགས་པའི་གནས་ཚུལ་འདི་ལྟ་བུ་ནི་རྒྱལ་ཡོངས་ཞིང་ཆེན་གང་དུའང་མེད།

    གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ལྟེ་བར་བྱས་ནས་མཐའ་འཁོར་གྱི་ས་ཁུལ་ཁག་ཏུ་འགྱེད་འཕྲོ་བྱེད་པ་སྟེ། སྲུང་སྐྱོང་བྱ་ཡུལ་ནང་གླིང་སྒྲུང་དང་གླིང་གེ་སར་དང་འབྲེལ་བའི་དམངས་ཁྲོད་ཀྱི་དད་མོས་དང་གེ་སར་གྱི་འཁྲབ་སྟོན་སོགས་རིག་གནས་ཤུལ་བཞག་དང་དེ་བཞིན་ཚོད་ལྟ་ཁུལ་ནང་གི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཤུལ་བཞག་ཚུད་ཡོད་པ་དང་ཆབས་ཅིག་གེ་སར་རིག་གནས་ཀྱི་རྒྱུན་འཛིན་པ་དང་རྒྱུན་འཛིན་ཚོགས་པའི་གྲུབ་ཆ་གཙོ་བོའང་སྲུང་སྐྱོང་ཚོགས་སྤྱིའི་ཁོངས་སུ་ཚུད་ཡོད་པ་རེད། ཚོད་ལྟ་ཁུལ་བཙུགས་པ་ལས་མིག་སྔའི་གེ་སར་རིག་གནས་ཀྱི་སྒྱུ་རྩལ་པའི་རྒྱུན་ཆད་ཉེར་ཡོད་པ་དང་། སྒྱུ་རྩལ་པའི་འཚོ་བ་འགན་ལེན། སྒྱུ་རྩལ་པའི་པར་སྐྲུན་དངོས་རིགས་པར་སྐྲུན་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་རེ་ཡོད་པ་དང་ཆབས་ཅིག་འབྲེལ་ཡོད་རང་བྱུང་ཤུལ་བཞག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཤུལ་བཞག་ལ་སྲུང་སྐྱོང་བྱེད་ཤུགས་ཀྱང་ཆེ་རུ་བཏང་ནས་འབྲེལ་ཡོད་ཟློས་གར་དང་། མཛེས་རྩལ། བྲོ་གར་སོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གེ་སར་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་གནས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་ནི་མིག་སྔར་རང་རྒྱལ་གྱིས་མིན་ནན་དང་ཧུའེ་ཀྲོའུ་གཉིས་ཀྱི་རྗེས་སུ་བཙུགས་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གསུམ་པ་དེ་ཡིན་པ་རེད། ཚོད་ལྟ་ཁུལ་གྱི་སྲུང་སྐྱོང་འཛུགས་སྐྲུན་ལས་དོན་ཁྲོད་གཙོ་བོར་བོད་རིགས་དང་། ཧོར་རིགས། རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་གནའ་སྔ་མོ་ནས་དེ་གར་གནས་སྡོད་བྱེད་མཁན་མི་རིགས་ཁག་གིས་གསར་གཏོད་དང་རྒྱུན་འཛིན་བྱས་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ནང་དོན་དུ་བཟུང་ཡོད་པ་རེད། 2015ལོར་ཚོད་ལྟ་ཁུལ་དུ་རེབ་གོང་རིག་གནས་ཐོན་ལས་གཉེར་མཁན་མི་འབོར་ཁྲི་5ཡན་དང་། རིག་གནས་ཐོན་ལས་ཐད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་10 ཡུལ་སྐོར་མི་འབོར་མི་ཐེངས་ཁྲི་260 ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་20བཅས་ཟིན་རེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།