དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མེ་ཏོག་ཏུ་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་10ཙམ་འབྱོར་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-08

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། མེ་ཏོག་དེ་ཉིད་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ཆགས་པ་དང་དེ་སྔ་ནི་རང་རྒྱལ་གྱི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་རྫོང་མཐའ་མ་དེ་ཡིན་པ་དང་2013ལོའི་ཟླ་བ་བཅུ་པར་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་གཅིག་ལྷག་ཙམ་སོང་ཚུན་མེ་ཏོག་གི་ཡུལ་སྐོར་ཐད་འཕེལ་རྒྱས་ཆེན་པོ་བྱུང་ནས་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་10ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་ལྡབ་གཅིག་ཙམ་འཕར་ཡོད་པ་རེད།

    མེ་ཏོག་རྫོང་གི་རྫོང་དཔོན་བཀྲ་ཤིས་ཀྱིས་2014ལོར་མེ་ཏོག་རྫོང་གིས་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་9.6ཟིན་པ་དེ་2013ལོ་ལས་ལྡབ་གཅིག་ཙམ་འཕར་ཡོད། སྔོན་རྩིས་བྱས་ན་འདི་ལོ་མེ་ཏོག་ཏུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་11ཟིན་རྒྱུ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་ཟིན་རྒྱུ་མ་ཟད་ད་དུང་ཞིང་འབྲོག་པ་འབོར་ཆེན་ཞིག་ཡུལ་སྐོར་ལས་རིགས་ཁྲོད་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད་ཅེས་གསར་འགོད་པར་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།