སྤྱི་ལོ་2013ལོའི་ཟླ་བ་བཅུ་པར་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་གཅིག་སོང་རིང་མེ་ཏོག་གི་ཡུལ་སྐོར་ལས་རིགས་གོང་འཕེལ་ཆེན་པོ་བྱུང་སྟེ། ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ་10ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་ལས་ལྡབ་གཅིག་ཙམ་འཕར་སྣོན་བྱུང་ཡོད་པ་རེད།
མེ་ཏོག་རྫོང་གི་རྫོང་དཔོན་བཀྲ་ཤིས་ཀྱིས་གསར་འགོད་པར་སྤྱི་ལོ་2014ལོར་མེ་ཏོག་རྫོང་གིས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་96000ལ་སྣེ་ལེན་ཞུས་པ་དེ་སྤྱི་ལོ་2013ལོ་ལས་ལྡབ་གཅིག་ཙམ་འཕར་ཡོད་པ་རེད། ད་ལོ་མེ་ཏོག་ཏུ་ཡུལ་སྐོར་བྱེད་པར་ཡོང་མཁན་མི་ཐེངས་ཁྲི་ཚོ་11ཟིན་ནས། མཛེས་ལྗོངས་ཁུལ་གྱི་པཱ་སེའི་ཡོང་འབབ་སྒོར་ཁྲི་ཚོ་600ལྷག་ཙམ་ཟིན་བཟོ་ཡོད་པ་དང་། ཞིང་འབྲོག་མང་ཚོགས་མང་པོ་ཞིག་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད་ཅེས་གསུངས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མེ་ཏོག་རྫོང་གི་འགྲུལ་སྐྱེལ་བབ་ཚུགས་ད་ལོའི་དཔྱིད་གསར་དུས་ཆེན་རིང་རྩིས་སྤྲོད་བེད་སྤྱོད་ཐུབ་རེ་ཡོད་ཅིང་། སྐབས་དེ་དུས་རང་གི་རླངས་འཁོར་གཏོང་བ་དང་ཡང་ན་རླངས་འཁོར་བོགས་མར་བླངས་ནས་མེ་ཏོག་ཏུ་ཡུལ་སྐོར་ལ་འགྲོ་བ་ཕུད་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་མེ་ཏོག་ཏུ་འགྲོ་ཆོག་གི་ཡོད་པ་རེད།